༄༅།།གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ངོ་སྤྲོད་མདོར་བསྡུས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

༄༅།།གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ། : མི་གསལ།  ཀློག་གྲངས །: སྤེལ་དུས། : 2015-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ངོ་སྤྲོད་མདོར་བསྡུས།Yqq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ཉེ་རབས་བོད་ཁུལ་ན་སྙན་གྲགས་ཅུང་ཆེ་བའི་སྒེར་གཉེར་སློབ་གྲྭ་ཞིག་ཡིན། གལ་ཏེ་ཁྱོད་ཀྱིས་ཆེས་ཐུང་བའི་དུས་ཡུན་ནང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་རྒྱུས་ལོན་བྱེད་འདོད་ན་གཤམ་གྱི་ཡིག་འབྲུ་འདི་དག་ལ་གཟིགས་རོགས།​Yqq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
1ས་གནས། ​མགོ་ལོ་རྭ་རྒྱ།​Yqq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
2 ཕྱག་འདེབས་པ་བོ།​ རྭ་རྒྱ་འཇིགས་མེད་རྒྱལ་མཚན།​Yqq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
3 དགེ་རྒན་གཙོ་བོ།​ རྭ་རྒྱ་འཇིགས་མེད་རྒྱལ་མཚན། བཛྲ་ཚུལ་ཁྲིམས་རྒྱ་མཚོ། ལྡོང་ཡོན་ཏན་རྒྱ་མཚོ། མང་རའི་རྒྱ་གྲོལ། རྡོ་སྦིས་གཅོད་པ་ཚེ་རིང་སོགས།​Yqq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
4 སློབ་གྲྭའི་ཁ་ཕྱོགས་དང་དམིགས་ཡུལ།​ སྔ་སྲོལ་བཟང་བོ་རྒྱུན་འཛིན་དང་དེང་སྲོལ་བཟང་བོ་ནང་འདྲེན་གྱིས།གནའ་དེང་ཟུང་འབྲེལ་བྱེད་རྒྱུ།​Yqq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
5 སློབ་གསོའི་རིན་ཐང་གི་ལྟ་བ། ​སློབ་གྲྭར་འགྲོ་བ་ནི་ལས་ཀ་བ་ཞིག་སྐྱེད་སྲིང་བྱེད་པ་མ་ཡིན་ལ། ཡི་གེ་ཤེས་རྒྱུ་ཙམ་གྱི་ཆེད་དུ་ཡང་མ་ཡིན་པར། མི་རིགས་ཀྱི་རྒྱུན་འཛིན་པ་ཞིག་དང་། མི་གཞི་ཚད་ལྡན། མི་གཤིས་ལེགས་པོ་ཞིག་སྐྱོང་རྒྱུ་དེ་གནད་ཀྱི་རྩ་བར་བཟུང་ཡོད། མདོར་ན་མི་རིགས་རིག་གནས་ཀྱི་བདག་པོ་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན།​Yqq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
6 སློབ་གྲྭའི་ལོ་རྒྱུས།​ 1994ལོར་ཚུགས་ཤིང་དགེ་རྒན་གཉིས་དང་སློབ་མ60ཙམ་ཡོད་པ་ནས། ད་སྐབས་སློབ་མ1000དང་དགེ་རྒན་དང་ལས་བཟོ་བ40ཙམ་ཡོད་ལ།ད་སྔ་སློབ་མ1000ལྷག་ཅིག་སློབ་མཐར་ཕྱིན། ལོ་རིམ་དྲུག་ཡོད་པ་དེའི་རྨང་གཞིའི་སྡེ་ཁག་ལ་ལོ་རིམ་གསུམ་དང་ཆེད་ལས་མཐོ་འབྲིང་སྡེ་ཁག་ལ་ལོ་རིམ་གསུམ་བཅས་དང་། ཆེད་ལས་ལ་བོད་ཡིག་ཆེས་མཐོའི་ཆེད་སྦྱོང་དང་། དབྱིན་ཡིག་ཡུལ་སྐོར་སྣེ་ཤན། རྩིས་འཁོར་ཆེད་སྦྱོང་དང་གསོ་རིག་ཆེད་སྦྱོང་། བཟོ་རིག་ཆེད་སྦྱོང་། བོད་ཀྱི་འཛུགས་སྐྲུན་རིག་པ་ཆེད་སྦྱོང་བཅས་ཡོད།​Yqq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
7 ད་སྔའི་གྲུབ་འབྲས།​ སློབ་མཐར་ཕྱིན་པའི་སློབ་མ་སྟོང་ལྷག་གི་ཁྲོད་ཀྱི་གྲྭ་བ་ཕལ་ཆེར་གྱིས་རང་རང་གི་དགོན་པ་ན་དགེ་རྒན་དང་དགེ་བསྐོས། དོ་དམ་ཁང་གི་འགོ་བ་སོགས་ཀྱི་ལས་འགན་བཞེས་ཡོད་ལ། གྲོང་བ་བརྒྱ་ཆའི་དགུ་བཅུ་ལྷག་མུ་མཐུད་དུ་སློབ་གྲྭར་འགྲིམས་ཤིང་། ད་སྔ་སློབ་གྲྭ་ཆེན་མོའི་དགེ་རྒན་དང་སློབ་གྲྭ་ཆུང་འབྲིང་གི་དགེ་་གནང་མཁན་མང་ལ། ཙོང་ལས་གཉེར་མཁན་དང་དེ་མིན་དམངས་ཕན་གྱི་ཚོགས་པ་སོགས་དམངས་ཁྲོད་རང་བཞིན་གྱི་རྩ་འཛུགས་ལ་སྣེ་ཁྲིད་དེ་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་མཁན་ཡང་མང་། ད་དུང་བོད་ཁུལ་ན་མིང་དུ་གྲགས་པའི་དགའ་ཡ་བོད་ཀྱི་གྱོན་ཆས་མཐུན་གཉེར་གྱིས་མཚོན་བཟོ་གྲྭ་གཉེར་མཁན་དང་སྒེར་གཉེར་སློབ་གྲྭ་སྒྲུབ་སྟེ་སྤྱི་ཚགས་ལ་ཞབས་ཞུ་སྒྲུབ་མཁན་ཤིན་ཏུ་མང་བས། བོད་ཀྱི་སློབ་གསོའི་ལས་རིགས་ཁྲོད་དུ་རྐང་འཛིན་པའི་ནུས་པ་བཏོན་དང་འདོན་བཞིན་ཡོད། གཞན་ད་དུང་བོད་སྐད་ཡིག་གི་ཉམས་རྒུད་ལ་དམིགས་ཏེ་སྔ་ཕྱིར་ཐ་སྙད་གསར་བསྒྱུར་དང་སྲོལ་རྒྱུན་གྱི་ཐ་སྙད་འཚོལ་བསྡུ་བྱས་ཏེ་དེབ་གཉིས་ཚད་ལྡན་གྱི་དཔེ་སྐྲུན་ཁང་ནས་བཀྲམས་པས་གཞི་རྒྱ་ཆེ་བའི་དགའ་བསུ་དང་གདེང་འཇོག་ཐོབ། ད་དུང་སློབ་མའི་ཁྲོད་ནས་རྩ་འཛུགས་བྱས་ཏེ་ས་གནས་མང་བོར་དངོས་སུ་སོང་སྟེ་ཡིག་རྨོངས་སེལ་བའི་དུས་ཐུང་གཟབ་སྦྱོང་སྒྲུབ་པ་སོགས་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་རང་ཉིད་ནས་འགོ་རྩོམ་པའི་སྤྱོད་པ་ལག་ལེན་བྱས་པས། ད་ལྟ་བོད་ཁུལ་ཙམ་དུ་མ་ཟད།རག་ཡལ་ཕྱི་ནང་ན་ཡང་སྙན་གྲགས་ཤིན་ཏུ་ཆེ།​Yqq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
8 སློབ་མའི་ཁྱབ་ཁོངས།​ ཡུན་ནན་མ་ཡིན་པའི་བོད་ཁུལ་གྱི་ཕྱོགས་སོ་སོའི་སློབ་མ་ཡོད་ལ། ད་སྔ་ཆོས་ལུགས་གྲུབ་མཐའ་འདྲ་མིན་གྱི་དགོན་སྡེ་བརྒྱ་དང་བདུན་ཅུར་ཉེ་བའི་གྲྭ་བ་དང་སྤྲུལ་སྐུ་སོགས་ཡོད་པར་མ་ཟད། གྲོང་བ་མི་སྐྱ་ཡང་དེ་མཚུངས་ཕྱོགས་མང་བོ་ནས་འདུས་ཡོད་པས། བོད་ཁུལ་གྱི་སློབ་མའི་ཁྱབ་ཁོངས་ཆེས་ཆེ་བའི་མཐོ་འབྲིང་སློབ་གྲྭ་གཅིག་པུར་གྱུར་ཡོད། གཞན་ད་དུང་རྒྱ་དང་སོག་པོ་སོགས་ཀྱང་ལོ་རེ་བཞིན་སློབ་གཉེར་ལ་ཡོང་མཁན་ཤིན་ཏུ་མང་།​Yqq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
9 སློབ་མ་བསྡུ་སྟངས།​ སྔོན་ལ་མིང་ཐོ་འགོད་དགོས་ལ། དེ་ནས་ལོ་རེའི་འཆར་ཅན་ལྟར་སྤྱི་ཟླ9བའི་ཚེས8ཉིན་དངོས་སུ་རྒྱུགས་ལ་ཞུགས་དགོས། ལོ་རེར་མིང་ཐོ་འགོད་མཁན་སྟོང་དང་གཉིས་བརྒྱ་ནས་ལྔ་བརྒྱའི་བར་ཡོད། དེ་ལས་བརྒྱ་ཆའི་བཅོ་ལྔ་ནས་ཉི་ཤུའི་བར་བསྡུ་ལེན་བྱེད། དེ་ཡང་རྒྱུགས་སྐར་ཁོ་ནའི་སྟེང་ནས་བསྡུ་བ་ཞིག་མིན་སྟབས། མང་བོ་ཞིག་གིས་མིང་ཐོ་འགོད་པར་ལག་སྔ་རྩོད་བཞིན་ཡོད། གལ་ཏེ་ཁྱོད་རང་ལོ་གསུམ་ལ་བསྟུད་མར་རྒྱུགས་ལ་ཞུགས་པ་ཡིན་ཚེ་མིང་ཐོའི་གོ་རིམ་གྱི་སྟེང་ནས་ཀྱང་སློབ་གྲྭརཆུད་འགྲོ་བ་ཞིག་ཡིན། རྒྱུགས་ཀྱི་ནང་དོན་ནི་སུམ་རྟགས་དག་གསུམ་སྙན་ངག་དང་བཅས་པ། བསྡུས་གྲྭ་དང་བློ་རྟགས། གྲུབ་མཐའ་ས་ལམ། རྒྱ་ཡིག་དང་དབྱིན་ཡིག རྩིས་རིག་བཅས་ཀྱི་སྟེང་ན་ལེན་བཞིན་ཡོད།Yqq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论