མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་ངོ་སྤྲོད་མདོར་བསྡུས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས། :   རྩོམ་པ་པོ། :   ཀློག་གྲངས །: སྤེལ་དུས། : 2020-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ།bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

      མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་ནི་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་གི་ལོ་ངོ་སུམ་ཅུ་ལྷག་གི་རྒྱུན་རིང་བོའི་མཐོ་འབྲིང་དང་དམའ་འབྲིང་གི་སློབ་སྒྲུབ་གྲུབ་འབྲས་དང་ཉམས་མྱོང་གི་རྨང་གཞིའི་སྟེང་། སྤྱི་ལོ2009ལོའི་ཟླ9བར་ཁུལ་གཏོགས་སློབ་གྲྭ་རུ་བསྒྱུར་ཏེ་མཐོ་འབྲིང་རྐྱང་བས་གྲུབ་པའི་མཚོ་ལྷོ་ཁུལ་གྱི་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་རུ་བསྒྱུར་བ་ཞིག་ཡིན་ཞིང་། དེ་ནི་སྟོད་ན་སྲིན་པོ་རྫ་རི་བརྗིད་ཀྱིས་འགྱིང་བའི་སྨད་ཕྱོགས། སྨད་ན་རྨ་ཀླུང་དལ་འབབ་རིང་མོ་ལྷོད་གྱིས་རྒྱུ་བའི་ནང་ཀླུང་། ཀབ་རོན་དང་ཀོ་བ། གོང་བ་བཅས་ལུང་པ་གསུམ་གྱི་འདྲེས་མདོ། ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་ཞིང་ཁུངས་བཙུན་གྱི་ལོ་རྒྱུས་ཡིག་ཚངས་མང་པོར་གནས་ཡུལ་འགངས་ཆེན་དུ་ངོས་འཛིན་མཛད་ཅིང་། སྔོན་བྱོན་དམ་པ་གྲངས་མེད་ཀྱིས་ཀྱང་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོང་ལ། རྟེན་དང་བརྟེན་པ་འགངས་ཆེན་བགྲང་གིས་མི་ལངས་བས་མདོ་སྨད་རྟེན་རྫོང་དང་རིག་གནས་རྫོང་ཆེན་ཞེས་སྙན་པའི་གྲགས་པ་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ་ཆེ་བའི་ཁྲི་ཀ་རྫོང་མཁར་ལྷོ་ཕྱོགས་ཀྱི་དགོ་ར་གྲོང་ཚོར་ཕྱིའི་བཀོད་ལེགས་གཞལ་མེད་ཁང་བཟང་དང་ནང་རྫོངས་ཡག་ཤེས་བྱའི་འདབ་བརྒྱ་ལྷུག་པོར་བཞད་པའི་ཚུལ་གྱིས་ཆགས་ཡོད།bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     མཚོ་ལྷོ་ཁུལ་གྱི་མི་རིགས་མཐོ་འབྲིང་གཉིས་པ་རུ་བསྒྱུར་བ་ནས་འགོ་ཚུགས་ཏེ། སློབ་གྲྭས་མྱུར་ཐབས་ཀྱིས་ཕྱོགས་ཡོངས་ཀྱི་སྒྲིག་ཆས་འཛུགས་སྐྲུན་ཆེ་ཆེར་བྱས་ཏེ། ད་ལྟ་སློབ་གྲྭའི་ཁོད་རྒྱ་མུའུ170.5ཡོད་ཅིང་། དེར་སྣ་འཛོམས་ཐོག་ཁང་གཅིག་དང་སློབ་ཁྲིད་ཐོག་ཁང་གསུམ། དཔེ་མཛོད་སྣ་འཛོམས་ཐོག་ཁང་གཅིག སློབ་མའི་ཞག་སྡོད་ཐོག་ཁང་བཞི། ཟ་ཁང་གཉིས་བཅས་འབྲེལ་ཡོད་མ་ལག་ཆ་ཚང་འཛུགས་སྐྲུན་བྱས་ཡོད་ཅིང་། སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ24825.46ཡོད།bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མིག་སྔར་སློབ་གྲྭ་འདིར་འཛིན་གྲྭ41དང་སློབ་མ2195ཡོད་ལ། དགེ་བཟོ་བ212ཡོད་པ་ལས་དགེ་རྒན་དངོས་མ146དང་ཚབ་ཁྲིད་དགེ་རྒན21སྐབས་ཐོག་གི་ལས་མི53ཡོད། དགེ་རྒན་ཚོའི་ཁྲོད་དུ་རབ་འབྱམས་པའི་བསླབ་གནས་ཅན18དང་སློབ་ཆེན་དངོས་གཞིའི་བསླབ་གནས་ཅན124དང་ཆེད་སྦྱོང་གི་བསླབ་གནས་ཅན4ཡོད། གཞན་མཐོ་རིམ་ལས་ཐོབ་ཅན25དང་འབྲིང་རིམ་ལས་ཐོབ་ཅན41དམའ་རིམ་ལས་ཐོབ་ཅན80ཡོད། སློབ་གྲྭའི་ཁོངས་སུ་ཏང་ཀྲི་པུའུ་དང་། སློབ་གཙོ་ཁང་། སློབ་གྲྭའི་གཞུང་སྒྲུབ་ཁང་། སློབ་ཁྲིད་དོ་དམ་ཁང་། སློབ་མའི་དོ་དམ་ཁང་། འཚོ་བའི་དོ་དམ་ཁང་། སློབ་གྲྭའི་བཟོ་ཚོགས། གུང་གཞོན་ཚོགས་ཨུ། ལོ་རིམ་ཚན་ཁག ཁྲིད་དཔྱོད་ཁག་སོགས་ཀྱི་སྒྲིག་གཞི་འཐུས་ཚང་རྩ་འཛུགས་བྱས་ཡོད།bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     སློབ་གྲྭ་འདིས"མཁས་པའི་སྤྱོད་ཡུལ་ཐོབ་འདོད་ན། ། བརྩོན་པས་དཀའ་བ་དང་དུ་ལོངས། །"ཞེས་པའི་ལེགས་བཤད་དགེ་སློབ་ཀུན་གྱི་མིག་གི་བགོ་སྐལ་དུ་བཤམས་ནས་དུས་རྒྱུན་དུ་སློབ་ལ་བརྩོན་དགོས་པའི་སྐུལ་མ་ནན་ཏུ་བཏབ་ཡོད་པར་མ་ཟད། ཤེས་ལྡན་གྱི་མཁའ་དབུགས་ཟབ་མོ་ཞིག་གིས་སློབ་གྲྭའི་ཁོར་ཡུག་ཀུན་དུ་ཚུལ་ལྡན་དང་ཞི་འཇམ་གྱི་རྣམ་པ་ཞིག་རྟག་ཏུ་འཆར་བར་བྱས་ཡོད། དེ་བཞིན་དུ"འཆམ་མཐུན་ནི་མཛེས་པ་དང་བརྩེ་བ་ནི་གཞི་མ། རང་ཚུགས་བརྟན་པོ། རང་རྒྱུད་ལེགས་སྤེལ"གྱི་རྩ་དོན་གཞིར་འཛིན་བྱས་ཤིང་"ཀུན་སྤྱོད་སློབ་གསོ་ཡིས་སློབ་གྲྭ་སྐྱོང་བ། རིག་གཞུང་ཞིབ་འཇུག་གིས་སློབ་གྲྭ་དར་རྒྱས། སྤུས་ཚད་མཐོར་འདེགས་ཀྱིས་སློབ་གྲྭ་སྟོབས་ལྡན"དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ"དཔུང་བ་མཉམ་གཤིབ། ། བརྩོན་སེམས་མཉམ་བསྐྱེད། ། བློ་སེམས་གཅིག་སྒྲིལ"བཅས་ཀྱི་སྒོ་ནས་སློབ་གསོ་དེང་རབས་ཅན་དང་འཛམ་གླིང་ཅན་གྱི་ཕྱོགས་སུ་མངོན་པར་ཕྱོགས་བཞིན་ཡོད།bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

དུས་ཡུན་རིང་བོར་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་སློབ་གསོའི་སྲིད་འཛིན་སྡེ་ཁག་གི་ཡང་དག་པའི་འགོ་ཁྲིད། སློབ་གྲྭ་ཡོངས་ཀྱི་དགེ་བཟོ་བའི་ཐུན་མོང་གི་ཧུར་བརྩོན་འོག སློབ་གྲྭས་ཐོག་མཐའ་བར་གསུམ་དུ་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐིལ་ཕྱིན་དང་། མི་ནི་དམིགས་བྱའི་གཞི་ཉིད་དུ་འཛིན་པ་དང་། སྤུས་ཚད་ལ་བརྟེན་ནས་འཚོ་གནས་གཉེར་བ། གཞི་ཁྱོན་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ"ཚད་གཞི་མཐོ་བ། བླང་བྱ་དམ་པ། ཁྱད་ཆོས་ལྡན་པ། བྱས་རྗེས་འཇོག་པ། ཡང་རྩེར་སྙེག་པ"ནི་སློབ་སྒྲུབ་ཀྱི་ལྟེ་བར་བཟུང་སྟེ"ནང་ཆས"དང་"ཕྱི་ཆས"གཉིས་ཀ་འཛུགས་སྐྲུན་མཉམ་འཛིན་རྒྱུན་འཁྱོངས་བྱས་པར་མ་ཟད། ཧུར་ཐག་གིས"སྐད་གསུམ"བཅའ་སྡོད་ཆ་ཚང་མི་རིགས་སློབ་འབྲིང་གི་སློབ་སྒྲུབ་ལམ་བུ་འཚོལ་ཞིབ་དང་། སློབ་ཁྲིད་སྤུས་ཚད་དོ་དམ་བྱེད་པ་གནད་སར་བཟུང་ནས"སྐད་གསུམ། མི་རིགས། བཅའ་སྡོད"ཀྱི་ཁྱད་ཆོས་གསུམ་འབུར་དུ་ཐོན་པར་བཅུག་སྟེ་རང་ངོས་ཀྱི་སློབ་སྒྲུབ་ཁྱད་ཆོས་བཙལ་ནས་སློབ་སྒྲུབ་བསམ་ཕྱོགས་དང་སློབ་ཁྲིད་སྤྱོད་ལམ་ཚད་ལྡན་དུ་གཏོང་བཞིན་ཡོད། དེ་མིན་དེང་རབས་སློབ་གསོའི་ཡོངས་ཁྱབ་རང་བཞིན་དང་མི་རིགས་སློབ་གསོའི་དམིགས་བསལ་རང་བཞིན་གཉིས་ཟུང་འབྲེལ་བྱེད་པ། ཚད་ལྡན་དོ་དམ་དང་ཁྱད་ལྡན་སློབ་སྒྲུབ་གཉིས་ཟུང་འབྲེལ་བྱེད་པ། མི་རིགས་སློབ་གསོ་དེང་རབས་ཅན་དང་དེང་རབས་སློབ་གསོ་མི་རིགས་ཅན་དུ་བསྒྱུར་བར་འབད་པ་བྱེད་པ། དུས་རབས་གསར་བའི་མདུན་དུ་གོ་སྐབས་དམ་འཛིན་སྒོས་འགྲན་སློང་གདོང་གིས་བསུ་ཞིང་བཅོས་སྒྱུར་གསར་གཏོད་དང་ཡང་དག་སློབ་སྒྲུབ་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས། ནང་ཁུལ་བདག་གཉེར་དམ་འཛིན་སྒོས་བྱ་བའི་དམིགས་འབེན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། འགྲན་རྩོད་ཀྱི་སྐལ་བ་ལག་ཏུ་བསྟར་ཏེ་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་ལེགས་བཅོས་ཀྱིས་ཁྱོན་ཡོངས་ནས་སློབ་མའི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེག་བྱེད་བཞིན་ཡོད།bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དེ་བས་ཉེ་བའི་ལོ་འགའི་རིང་ལ་སློབ་གྲྭ་འདིའི་སློབ་སྦྱོང་གི་མཁའ་དབུགས་ཇེ་ལེགས་སུ་སོང་ཞིང་སློབ་སྲོལ་ཡག་པོ་ཞིག་ཆགས་པས་སློབ་མའི་རྒྱུགས་འབྲས་ཀྱང་ཡར་ངོའི་ཟླ་ལྟར་དུ་འཕེལ་བཞིན་ཡོད་དེ། 2015ལོའི་མཐོ་རྒྱུགས་ཀྱི་རྒྱུགས་འཕྲོད་ཚད99.32% ལ་སླེབས་ལ། དེའི་ཁྲོད་དུ་མི་རིགས་སློབ་གྲྭར་སློབ་མ210ཡིས་རྒྱུགས་འཕྲོད་པ་དང་། རྒྱུགས་འཕྲོད་ཚད35%སླེབས་པ་དང་། རྒྱའི་སློབ་གྲྭར་སློབ་མ329ཡིས་རྒྱུགས་འཕྲོད་ཅིང་། རྒྱུགས་འཕྲོད་ཚད64.45%སླེབས་ཡོད། ལོ་སྔོན་མ་དང་བསྡུར་ན་མི་རིགས་སློབ་གྲྭར་རྒྱུགས་འཕྲོད་ཚད་བརྒྱ་ཆའི1.9འཕར། 2016ལོར་མཐོ་རྒྱུགས་ཀྱི་རྒྱུགས་འཕྲོད་ཚད99.01%ལ་སླེབས། དེ་ལས་མི་རིགས་སློབ་གྲྭར་སློབ་མ198གྱིས་རྒྱུགས་འཕྲོད་པ་དང་། རྒྱུགས་འཕྲོད་ཚད32.62ལ་སླེབས་ཡོད། སློབ་མ601གིས་རྒྱའི་སློབ་གྲྭར་རྒྱུགས་འཕྲོད་པ་དང་། རྒྱུགས་འཕྲོད་ཚད99.09%ལ་སླེབས། དེ་ལོ་སྔོན་མ་དང་བསྡུར་ན་རྒྱའི་སློབ་གྲྭར་རྒྱུགས་འཕྲོད་ཚད་བརྒྱ་ཆའི34.56འཕར། 2017ལོར་རང་རེའི་སློབ་གྲྭའི་སློབ་མ629མཐོ་རྒྱུགས་ལ་ཞུགས་ཤིང་སློབ་མ་ཡོངས་ཀྱི་སྐར་གྲངས་ཚད་ཐིག་ཏུ་ལོངས། དེའི་ཁྲོད་སློབ་མ103གྱིས་དངོས་གཞིར་རྒྱུགས་འཕྲོད་ཅིང་། ལོ་སྔོན་མ་ལས་སློབ་མ35ཇེ་མང་དུ་སོང་། དངོས་གཞིར་རྒྱུགས་འཕྲོད་པའི་སློབ་མ་བརྒྱ་ལས་བརྒལ་བས་སློབ་གྲྭའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་ཡང་དག་ལ་དགེ་སློབ་ཀུན་གྱི་བརྩོན་པའི་ས་བོན་ལ་གཡུར་ཟའི་འབྲས་བཟང་སྨིན་པའི་རྟགས་མཚན་དུ་གྲུབ་ཅིང་སྔར་མེད་ཀྱི་ཟིན་ཐོ་གསར་བ་བྲིས། དེ་བཞིན་དུ་ལོ་འདི་འགའི་རིང་ལ་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་འགྲན་བསྡུར་ཡང་རབ་དང་རིམ་པར་ཞུགས་པས་དགེ་སློབ་ཀུན་གྱིས་གཟེངས་རྟགས་གྱ་ནོམ་པ་མང་པོ་བླངས།bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        སློབ་གྲྭས་ཀུན་སྤྱོད་སློབ་གསོ་གཙོར་བྱས་ཏེ་དགེ་སློབ་ཀུན་གྱི་བྱང་ཚད་མཐོར་འདེགས་དང་། སློབ་གསོའི་ཁྲིད་ཐབས་མན་ངག་ལ་ཞིབ་འཇུག་གང་ལེགས་བྱས་ཏེ་དགེ་རྒན་རྣམས་ཀྱི་འབྲེལ་ཡོད་ཤེས་བྱའི་རྨང་གཞི་སྲ་བརྟན་དུ་བཏང་ནས་སློབ་ཁྲིད་སྤུས་ཚད་ལྡན་པར་བྱ་བ། སློབ་གྲྭའི་ཕྱོགས་ཡོངས་ཀྱི་སྒྲིག་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་དཔལ་ཡོན་ལྡན་པའི་སློབ་རའི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་དགེ་རྒན་ཚང་མས་འགན་འཁྲི་དང་ལེན་དང་སློབ་མར་ཡང་དག་གི་ལམ་སྣེ་སྟོན་ཞིང་། ལུས་སེམས་བདེ་ཐང་གི་ངང་ནས་འཚར་ལོངས་འབྱུང་སའི་དྭངས་གཙང་གི་སློབ་རའི་ཁོར་ཡུག་ཅིག་བསྐྲུན་ཡོད། bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

          མ་འོངས་པའི་ཐད་དུ་སློབ་གྲྭས་ཡུན་རིང་གི་འཆར་བཀོད་བཟོས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་ལེགས་འཛིན་བྱས་ཏེ"ཚད་ལྡན་སློབ་སྒྲུབ་ཁྱད་ཆོས་བསྐྲུན། ། ཕྱོགས་ཡོངས་གསོ་སྐྱོང་ཡང་རྩེར་བརྩོན། །"ཞེས་པའི་སློབ་སྒྲུབ་དམིགས་འབེན་ལྟར། དོ་དམ་ཤུགས་སྣོན། རྒྱུན་སྲོལ་ནན་མོ། དཔུང་སྡེ་འཛུགས་སྐྲུན། ཚང་སྡེབ་སྒྲིག་སྐུལ། སྤུས་ཚད་མཐོར་འདེགས། འཕེལ་རྒྱས་བརྩོན་གཉེར"བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་ཚད་ལྡན་སློབ་གྲྭ་དང་། "སྐད་གསུམ"བཅའ་སྡོད་ལམ་ལུགས་ཀྱི་དཔེ་མཚོན་དུ་འགོད་རུང་བའི་ཚད་ལྡན་གྱི་མཐོ་འབྲིང་དུ་འགྱུར་བར་ཧུར་བརྩོན་ཆེན་པོ་བྱེད་བཞིན་ཡོད།bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

         དེ་བས་འདི་ནི་གནས་བཅུ་རིག་པའི་བང་མཛོད་བློ་ལ་འཐིམས་པའི་དགེ་རྒན་རྣམས་ཀྱི་འཇོན་ནུས་རྩལ་དུ་སྤྲུགས་སའི་གར་སྟེགས་ཆེན་པོ་ཞིག་ཡིན་པར་མ་ཟད། རིག་པའི་སོར་རྩེ་རྣོན་པོས་ཤེས་རིག་གི་མངར་ཁ་གཞིབ་འདོད་པའི་སློབ་བུ་རྣམས་ཀྱི་ཡིད་འོང་གི་བསྟི་གནས་ཤིག་དང་མི་ཚེ་ཡི་མཁའ་དབྱིངས་ལ་ཕུགས་འདུན་གྱི་འོད་སྣང་སྤྲོ་བའི་ཤེས་རིག་གི་དགའ་ཚལ་དེའང་ཡིན་ནོ། །bs8康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论