མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ།

ཡོང་ཁུངས། :   རྩོམ་པ་པོ། :   ཀློག་གྲངས །: སྤེལ་དུས། : 2021-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།


མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ།
OMA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ།
OMA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ།
OMA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ་ནི1983ལོའི་སྟོན་ཀར་བཙུགས་ལ། ཞག་སྡོད་དང་འགྲོ་སྦྱོང་ཟུང་དུ་འབྲེལ་པའི་ལོ་དྲུག་ལམ་ལུགས་ཀྱི་ཆ་ཚང་སློབ་ཆུང་ཞིག་ཡིན། སློབ་གྲྭ་འདི་ཐོག་མར་འཛུགས་དུས་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་ཁོངས་སུ་གཏོགས་ལ། སྐབས་དེར་འཛིན་གྲྭ4དང་སློབ་མ24དགེ་བཟོ་བ9མ་གཏོགས་མེད་མོད། ལོ་ངོ་སུམ་ཅུ་ལྷག་གི་འཕེལ་རྒྱས་བརྒྱུད་ནས་སྤྱི་ལོ2015ལོར་སླེབས་དུས། སློབ་གྲྭ་འདིར་འཛིན་གྲྭ19དང་སློབ་མ872། དེའི་ནང་ཞག་སྡོད་སློབ་མ360དང་། དགེ་བཟོ་བ71། ཆེད་ལས་དགེ་རྒན54ཡོད། སློབ་ཆུང་མཐོ་རིམ་ལས་ཐོབ་ཅན་གྱི་དགེ་རྒན45ཡོད་པས་ད་ལྟ་དགེ་རྒན་གྱི་སློབ་ཐོབ་རྒྱལ་ཁབ་ཀྱི་ཐག་བཅད་ཚད་གཞིར་སླེབས་ཡོད་པར་མ་ཟད། མུ་མཐུད་དུ་དེ་ལས་མཐོ་བའི་སློབ་ཐོབ་ལ་བསྙེག་བཞིན་ཡོད། ཆེད་ལས་དགེ་རྒན་གྱི་སློབ་ཐོབ100%ཚད་ལྡན་ཡིན།  སློབ་རའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ36514དང་། སློབ་གྲྭའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ7378ཡོད། དེའི་ནང་སློབ་ཁྲིད་ཐོག་ཁང་དང་པོའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2479དང་། སློབ་ཁྲིད་ཐོག་ཁང་གཉིས་པར་སྨི་གྲུ་བཞི་མ1790ཡོད་ལ། སློབ་མའི་མལ་ཁང་ལ་སྨི་གྲུ་བཞི་མ1846དང་ཟ་ཁང་ལ་སྨི་གྲུ་བཞི་མ566ཡོད།
     སློབ་གྲྭར་ཅུང་ཆ་ཚང་བའི་སློབ་ཁྲིད་ཀྱི་སྒྲིག་ཆས་ཡོད་པ་སྟེ་སྣ་མང་ཅན་གྱི་སློབ་ཁང་དང་། རྩིས་འཁོར་སློབ་ཁང་། མཛེས་རྩལ་སློབ་ཁང་། རོལ་མོའི་སློབ་ཁང་།དཔེ་མཛོད་ཁང་།  ཚན་རིག་ཚོད་ལྟ་ཁང་བཅས་ཆེད་སྤྱོད་སློབ་ཁང་ཡོད་ལ། སློབ་རའི་རྒྱང་བསྒྲགས་མ་ལག་དང་།འཛིན་གྲྭ་ཚང་མར་གློག་རྡུལ་སྐོར་གྱི་སྒྲིག་ཆས་ཆ་ཚང་རེ་ཡོད་པ་ཉིན་རྒྱུན་བཀོལ་སྤྱོད་བྱེད་ཆོག་པར་མ་ཟད། དཔེ་མཛོད་ཁང་དུ་དཔེ་ཆ་རིགས་སྣ་ཚོགས་དེབ་27480ལྷག་ཡོད་པས། སློབ་མ་རེར་ཆ་སྙོམས་ཀྱིས་དེབ31འདང་ཡོད། དེ་མིན་སློབ་གྲྭ་འདིར་སྨི400ཅན་གྱི་འགྱིག་བཟོས་འཇོང་དབྱིབས་ཀྱི་རྩལ་སྦྱོང་ར་བ་སོགས་འཛུགས་སྐྲུན་བྱས་ཡོད། སློབ་གྲྭར་སློབ་གཙོའི་གཞུང་སྒྲུབ་ཁང་དང་སློབ་གྲྭའི་གཞུང་སྒྲུབ་ཁང་། ཀུན་སྤྱོད་སློབ་གསོའི་གཞུང་སྒྲུབ་ཁང་། སློབ་སྟོན་ཁང་། མཁོ་སྒྲུབ་གཞུང་སྒྲུབ་ཁང་བཅས་འགོ་ཁྲིད་ཀྱི་སྒྲིག་གཞི་ཡོད་པ་དང། བོད་ཡིག་ཁྲིད་དཔྱོད་ཁང་དང་རྒྱའི་སྐད་ཡིག་ཁྲིད་དཔྱོད་ཁང་། རྩིས་རིག་ཁྲིད་དཔྱོད་ཁང་། དབྱིན་ཡིག་ཁྲིད་དཔྱོད་ཁང་།  རོལ་མོ་དང་མཛེས་རྩལ། ལུས་རྩལ། རྩིས་འཁོར་བཅས་ཀྱི་ཁྲིད་དཔྱོད་ཁང་གཅིག་རེ་བཅས་སློབ་དཔྱོད་ཁང5ཡོད།
     སློབ་གྲྭས་སློབ་ཁྲིད་ཐབས་ལམ་དང་པོའི་སློབ་ཁྲིད་བྱེད་ཐབས་སྤྱོད་པ་ཡིན་ལ། བོད་ཡིག་དང་རྒྱ་ཡིག  རྩིས་རིག  དབྱིན་ཡིག ལུས་རྩལ། གླུ་དབྱངས། མཛེས་རྩལ། ཆ་འཕྲིན་ལག་རྩལ། ཀུན་སྤྱོད་དང་འཚོ་བ།(སྤྱི་ཚོགས)ཚན་རིག་བཅས་ཀྱི་བསླབ་སྣ་ཕུན་སུམ་ཚོགས་པ་བཀོད་སྒྲིག་བྱས་ཡོད། 
     སློབ་གྲྭས་བརྩེ་བ་ཆེན་པོས་སློབ་བུ་སྐྱོང་།།ཤེས་བརྩོན་བཟང་བོས་རྨོངས་པ་སེལ། ། ཞེས་པ་སློབ་སྒྲུབ་བསམ་བློ་དང་། དགེ་རྒན་དམ་པ་ཁྲིད་ལ་མོས། སློབ་གྲོགས་བཟང་བོ་སློབ་ལ་བརྩོན་ཞེས་པ་སློབ་གྲྭའི་གདམས་ཚིག་ཏུ་བཟུང་ནས་ཀུན་སྤྱོད་ཤེས་རིག་མཉམ་དུ་འཕེལ་བའི་སློབ་གསོའི་དམིགས་ཚད་ལ་སླེབས་པར་འབད་བརྩོན་བྱེད་བཞིན་ཡོད།
     ཉེ་བའི་ལོ་འདི་དག་གི་རིང་ལ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་།  རིམ་པ་གོང་མའི་སློབ་གསོ་སྲིད་འཛིན་སྡེ་ཁག་གི་འགོ་ཁྲིད།  སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད།དགའ་འོས་པའི་གྲུབ་འབྲས་མང་པོ་བླངས་པ་སྟེ། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་གྱིས་སྐེ་དཀྲིས་དམར་པོའི་དཔེ་སྟོན་སློབ་གྲྭ་དང་། དཔེ་སྟོན་ཁྱིམ་བདག་སློབ་གྲྭ མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་དང་། མཚོ་ནུབ་ཁུལ་གྱིས་སྔོན་ཐོན་ལས་བཟོ་བའི་ཁྱིམ། ན་གཞོན་དཔལ་ཡོན་སྡེ་ཁག  ཐེམ་ཆེན་རྫོང་གིས་སྔོན་ཐོན་ཁྱིམ་བདག་སློབ་གྲྭ། དཔལ་ཡོན་སློབ་གྲྭ སྔོན་ཐོན་ཏང་ཀྲི་པུའུ། དུག་ནད་སྔོན་འགོག་གི་སློབ་གསོའི་དཔེ་སྟོན་སློབ་གྲྭ་སོགས་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་བྱ་དགའ་གང་མང་ཐོབ།
OMA康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论