གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་ངོ་སྤྲོད་མདོར་བསྡུས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས། :   རྩོམ་པ་པོ། :   ཀློག་གྲངས །: སྤེལ་དུས། : 2021-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

共和县第二民族寄宿制小学
གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པ།
lkY康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

  མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པ་ནི2008ལོའི་ཟླ7པར་འཛུགས་སྐྲུན་ལས་མགོ་བརྩམས་ཤིང་།  2009ལོའི་ཟླ8པར་ལེགས་འགྲུབ་བྱུང་བའི་བཅའ་སྡོད་ལམ་ལུགས་ཀྱི་རྫོང་གཏོགས་མི་རིགས་སློབ་ཆུང་ཞིག་ཡིན་ལ།  ཆབ་ཆ་གྲོང་རྡལ་རྨ་ཆུ་ལྷོ་ལམ་གྱི་སྒོ་རྟགས176པར་ཆགས་ཡོད།
  སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ30651ཡོད་པ་དང་།   འཛུགས་སྐྲུན་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ12450ཡོད། གསར་བཞེངས་སློབ་ཁྲིད་ཐོག་ཁང་ལ་རྨི་གྲུ་བཞི་མ2885.21ཡོད་པ་དང་སློབ་ཁྲིད་ཐོག་ཁང་རྙིང་བར་རྨི་གྲུ་བཞི་མ2300ཡོད། སློབ་མའི་ཟ་ཁང་ལ་རྨི་གྲུ་བཞི་མ1164.64ཡོད་ལ་ཕོའི་མལ་ཁང་ལ་རྨི་གྲུ་བཞི་མ2854.9དང་མོའི་མལ་ཁང་ལ་རྨི་གྲུ་བཞི་མ2914.03ཡོད། སློབ་གྲྭའི་འཛུགས་སྐྲུན་ཡོངས་སུ་ཁྱོན་བསྡོམས་སྒོར་ཁྲི་2085.35བཏང་བ་རེད། 
  སློབ་གྲྭ་འདི་གར་ད་ལྟ་འཛིན་གྲྭ20དང་སློབ་མ1169ཡོད་ལ།  སློབ་མའི་ཡོང་ཁུངས་ནི་རིག་སྨོན་དང་ཆོས་རྗེ། ཨེར་སྟི། ཆབ་ཆ་བཅས་ཞིང་གྲོང་བཞི་ཡི་ལོ་རིམ4ནས6པའི་སློབ་བུ་ཡིན་ཞིང་།  སློབ་མ་ཡོད་ཚད་ཞག་སྡོད་བྱེད་བཞིན་ཡོད་པ་རེད།   སློབ་གྲྭར་དགེ་བཟོ་བ131ཡོད་ལ་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན76ཡོད།   དེ་ལས་མཐོ་རིམ་གོ་མིང་ཅན2དང་འབྲིང་རིམ་གོ་མིང་ཅན71། དམའ་རིམ་གོ་མིང་ཅན11བཅས་ཡོད་ལ། དངོས་གཞིའི་སློབ་གཉེར་བརྒྱུད་རིམ་ཅན26དང་ཆེད་མཐོའི་སློབ་གཉེར་བརྒྱུད་རིམ་ཅན55།   ཆེད་འབྲིང་སློབ་གཉེར་བརྒྱུད་རིམ་ཅན3བཅས་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་གྱི་ཚད་ལྡན་ཡིན་ཚད100%ཡིན། 
  རྒྱའི་སྐད་ཡིག་དང་དབྱིན་ཡིག་ཕུད་གཞན་པའི་བསླབ་བྱ་ཚང་མ་མ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་བཞིན་ཡོད་ཅིང་།   བཀག་སྡོམ་རང་བཞིན་གྱི་དོ་དམ་རྣམ་པ་སྤྱད་ཡོད་ལ། སློབ་གྲྭའི་དཔེ་མཛོད་ཁང་དང་སྨན་ཁང་། ཟ་ཁང་། མལ་ཁང་། སློབ་ཁང་བཅས་ཀྱི་ཆ་རྐྱེན་བཟང་ཞིང་ཁོར་ཡུག་ལེགས་པས། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་འདུག
lkY康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

lkY康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་སློབ་ཁྲིད་ཐོག་ཁང་།

གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་ཕོའི་མལ་ཁང་།
lkY康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

  དགེ་སློབ་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་དངོས་འབེབས་བྱེད་པ།   སློབ་གསོ་ལེགས་ཤིང་མགྱོགས་པའི་ངང་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་པ་སྤྱིའི་དམིགས་འབེན་དུ་བཟུང་སྟེ། ཁྲིམས་བརྟེན། ཚད་ལྡན། བདེ་འཇགས། སྤུས་ལེགས།    འཆམ་མཐུན་ནི་སློབ་སྒྲུབ་གྱི་འདུ་ཤེས་ཡིན་ལ།  མི་གཞི་རྩར་འཛིན་པ་དང་དོ་དམ་དམ་འཛིན།  སློབ་གསོ་ནན་འཛིན། ཞབས་ཞུ་ཞིབ་འཛིན་བྱེད་པ་བྱ་བའི་བསམ་ཕྱོགས་སུ་ཆགས་ཤིང་། གཞུང་དྲང་དང་། འཆམ་མཐུན།  འབད་བརྩོན།  གསར་གཏོད་ནི་སློབ་གྲྭའི་གདམ་ཚིག་ཏུ་བྱས་ཐོག དཔལ་ཡོན་དང་། སྤྱི་སེམས། བདེན་འཚོལ། ལས་བཀུར་བཅས་ཀྱི་སློབ་སྲོལ་རྒྱུན་འཁྱོངས་བྱས་ནས་སློབ་མ་འཕེལ་རྒྱས་དང་། དགེ་རྒན་འཕེལ་རྒྱས། སློབ་གྲྭ་འཕེལ་རྒྱས་གཏོང་བར་ཧུར་བརྩོན་བྱས་ཏེ། ཁྱིམ་བདག་སེམས་བདེ་བ།  སློབ་མ་ཡིད་སྤྲོ་བ།  དགེ་རྒན་སེམས་ཆགས་པ།  སྤྱི་ཚོགས་ཡིད་ཚིམ་པའི་ཚད་ལྡན་གྱི་མི་རིགས་སློབ་གྲྭ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།
  འབྲེལ་གཏུག་ཁ་པར0974—8510997
lkY康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论