༄༅།།རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ངོ་སྤྲོད་མདོར་བསྡུས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

༄༅།།རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ། : ལྷ་རྒྱལ་ལོ།  ཀློག་གྲངས །: སྤེལ་དུས། : 2015-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

阿坝县民族寄宿制小学
རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་།
yhd康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

  ད་ལྟའི་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་ནི་མི་རིགས་ལ་ལྷག་བསམ་དཀར་བའི་རྒྱལ་གཅེས་ཚོང་བ་ཁ་ཤུལ་ཚེ་རིང་ལགས་ཀྱིས་དམངས་སྒོར་ཁྲི54བཏང་ནས་བཙུགས་པ་མ་ཟད་སློབ་གྲྭའི་མཚན་འཛིན་སློབ་གཙོའི་འགན་བཞེས།དེ་ཡང1988ལོའི་ཟླ4བར་སློབ་གྲྭ་ལས་མགོ་ཚུགས་ཤིང་། 1990ལོའི་ཟླ9བ་ནས་བཟུང་དངོས་སུ་སློབ་མགོ་ཚུགས་ཏེ་སློབ་གྲྭའི་ཐོག་མའི་མིང་ལ་རྔ་བ་རྫོང་གངས་ལྗོངས་ཚོང་བའི་སློབ་གྲྭ་ཞེས་བཏགས། 2001ལོའི་ཟླ3པར་སྔར་གྱི་གངས་ལྗོངས་ཚོང་བའི་སློབ་གྲྭ་དང་ཀིརྟི་དགོན་སློབ་ཆུང་གཉིས་མཉམ་སྡེབ་བྱས་ཏེ་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་བསྒྱུར།
  ད་སྐབས་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ31ལྷག་དང་།འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ21065ཡོད། དོ་དམ་གྱིས་ཁེ་ཕན་བརྩོན་ལེན་དང་།སྤུས་ཚད་ཀྱིས་འཕེལ་རྒྱས་སྙེགས་པའི་སློབ་སྒྲུབ་ལམ་ཕྱོགས་དེས་ལས་ཀ་ཡོངས་རྫོགས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་། 2002ལོར་རང་རྫོང་གི་ཕུལ་བྱུང་དཔལ་ཡོན་སྡེ་ཁག་དང་མིག་དཔེའི་སློབ་གྲྭའི་མཚན་སྙན་ཐོབ། 2003ལོར་ཁུལ་རིམ་པའི་དཔལ་ཡོན་སྡེ་ཁག་གི་མཚན་སྙན་ཐོབ་པ། 2006ལོར་ཟི་ཁྲོན་ཞིང་ཆེན་གྱི་ལྗང་མདོག་སློབ་གྲྭ་དང་བདེ་འཇགས་སློབ་གླིང་གི་མཚན་སྙན་ཡང་ཐོབ། 2010ལོར་རྒྱལ་ཁབ་རིམ་པའི་སྒྱུ་རྩལ་སྔོན་ཐོན་སྡེ་ཁག་དང་། ཁུལ་རིམ་པའི་བཅའ་སྡོད་ལམ་ལུགས་ཚད་ལྡན་དོ་དམ་མིག་དཔེའི་སློབ་གྲྭ ཁུལ་རིམ་པའི་སློབ་སྒྲུབ་ལམ་ལུགས་མིག་དཔེའི་སློབ་གྲྭ རྔ་བ་ཁུལ་མེ་འགོག་མེ་གསོད་བདེ་འཇགས་མིག་དཔེའི་སློབ་གྲྭ་བཅས་ཀྱི་མཚན་སྙན་ཐོབ་པ་མ་ཟད། ཉེ་རྒྱང་གི་སློབ་སྒྲུབ་འཆར་གཞིའི་ཁྲོད་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཁག་དང་མིག་དཔེའི་སློབ་གྲྭ་སོགས་ཀྱི་མཚན་སྙན་བརྩོན་ལེན་བྱེད་བཞིན་པའི་སྒང་ཡིན།yhd康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论