ཚ་ལུ་ལྟེ་བའི་སློབ་ཆུང་གི་ངོ་སྤྲོད་མདོ་བསྡུས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

ཚ་ལུ་ལྟེ་བའི་སློབ་ཆུང་གི་ངོ་སྤྲོད་མདོ་བསྡུས།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : མཚམས་སྦྱོར་བ་འབའ་ར་འབྱུང་ཆོས་ཀ  ཀློག་གྲངས །: སྤེལ་དུས། : 2019-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཚ་ལུ་ལྟེ་བའི་སློབ་ཆུང་། M5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

60ad6647d75013ad1a3ac27911c92d7d.jpgM5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 ཚ་ལུ་ལྟེ་བའི་སློབ་ཆུང་ནི་འབའ་ཐང་རྫོང་གི་བྱང་ཕྱོགས་སུ་ཆགས་ཡོད།རྫོང་དང་བར་ཐག་ལ་སྤྱི་ལེ་༦༤ཡོད། ཚ་ལུ་ཤང་ལ་སྲིད་གཞུང་གི་ཡུལ་གྲོང་༥དང་སྤྱི་བཏང་གི་ཡུལ་གྲོང་༡༡ཡོད།སྤྱིར་བཏང་གི་ཡུལ་གྲོང་དེ་དག་༼  རེ་མཁན། ཚ་ལུ། ནེའུ། དར་མཐའ། ཇི་བརྗིད། ཉི་བསྐོར། རི་མ་སྒང་། སྐྱིད་བདེ། རྡོ་འཕྲང་། དཔལ་རྒྱལ། ༽གི་སློབ་མ་ཚོ་སློབ་གྲྭ་འདིའི་ནང་དུ་འཛོམས་ཡོད་པ་ཡིན། སློབ་མ་དེ་དག་ནང་ལ་རེ་འགའ་ནི་འབྲོག་པ་ཡིན་ཞིང་། རེ་འགའ་ནི་རོང་བ་ཡིན་པས། འཚོ་ལས་མི་འདྲ་བ་གཉིས་ཀྱི་སློབ་མ་ཡོད་པ་ཡིན། རང་རེའི་སློབ་གྲྭ་འདི་ནི་༡༩༥༨ལོར་ གསར་འཛུགས་བྱས་པ་ཡིན་ལ།སློབ་གྲྭའི་ཐོག་མའི་མིང་ལ་ཚ་ལུ་སློབ་ཆུང་ཟེར་ཞིང་།རིམ་བཞིན་རྒྱས་བསྐྲུན་ཐེངས་འགར་བྱས་ཏེ།༢༠༠༥ལོའི་སྐབས་སུ་སློབ་གྲྭའི་མིང་ལ་ཚ་ལུ་ལྟེ་བའི་སློབ་ཆུང་དུ་བསྒྱུར།     M5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

e2ed2019dded6c580e24acff5dd020c9.jpg        M5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ད་ལྟ་ཡང་སློབ་གྲྭའི་མིང་ལ་ཚ་ལུ་ལྟེ་བའི་སློབ་ཆུང་གི་མིང་འདོགས་ཡོད་པ་ཡིན། ཏང་དང་རྒྱལ་ཁབ། རྫོང་སྲིད་ གཞུང་རིམ་པ་ཁག་གི་རྒྱབ་སྐྱོར་དང་རོགས་སྐྱོར་ལ་བརྟེན་ནས་སློབ་གྲྭའི་འཚོ་བ་དང་ཁོར་ཡུག་སོགས་སྔར་ལས་དར་ རྒྱས་སུ་སོང་། འཚོ་བ་ཇི་སྐྱིད་དང་ཁོར་ཡུག་ཇེ་མཛེས་སུ་འགྲོ་དང་འགྲོ་བཞིན་པའང་ཡིན་པས། བཀའ་དྲིན་ཚད་མེད་ སྙིང་དབུས་ནས་ཞུ་བ་ཡིན།སློབ་གྲྭའི་ནང་གི་སློབ་ཁྲིད་ཁང་བརྩེགས་གཉིས་ཅན་ཞིག་དང་།དགེ་རྒན་སྡོད་ཁང་བརྩེགས་གཉིས་ཅན། སྒོ་སྲུང་དང་རི་མོའི་གཞུང་ལས་ཁང་། ལུས་རྩལ་གཞུང་ལས་ཁང་བཅས་ཀྱི་ཁང་པ་ཉིས་བརྩེགས་ཅན། སློབ་མའི་སྡོད་ཁང་དང་།སློབ་མའི་ཟ་ཁང་བཅས་ཀྱི་ཁང་པ་སུམ་བརྩེགས་ཅན་གཅིག དགེ་རྒན་གཞུང་ལས་ཁང་དང་ བྱིས་གསོ་ཁང་བཅས་ཀྱི་ཁང་པ་ཉིས་བརྩེགས་ཅན།སྤོ་ལོ་ར་བ་གཅིགགསང་སྤྱོད་ཁང་གཅིགསྤྱི་བསྡུས་ཁང་ཁག་ལྔ་སོགས་ཀྱིས་མཛེས་སྡུག་ལྡན་པའི་སློབ་གླིང་གཅིག་གྲུབ་ཡོད་པ་ཡིན།   M5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

9b1422099a0af7b2f414f54fee426ad7.jpgM5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

M5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 སློབ་གྲྭའི་ནང་གི་སློབ་སྦྱོང་གཙོ་བོ་ནི་འོས་འགན་སློབ་གསོ་ཡིན། བྱིས་གསོ་སློབ་མ་༢༤དང་སློབ་ཆུང་སློབ་མ་ ༡༢༦ཡོད།ཁྱོན་བསྡོམས་སློབ་མ་༡༣༠ཡོད་པ་ཡིན།སློབ་གྲྭའི་ནང་དུ་བྱིས་གསོ་སློབ་མའི་འཛིན་གྲྭ་གཅིག་དང་། སློབ་ ཆུང་སློབ་མའི་འཛིན་གྲྭ་དྲུག་ཡོད། སློབ་རའི་ནང་ལ་ཐུན་མོང་མ་ཡིན་པའི་འཛིན་གྲྭ་འགའ་ཡོད །འཛིན་གྲྭ་དེ་དག་གི་ དམིགས་ཡུལ་ནི་སློབ་མ་རང་རང་གི་དགའ་ཕྱོགས་ལ་བལྟས་ནས་འཛིན་གྲྭ་བཙུགས་པ་ཡིན། འཛིན་གྲྭ་དེ་དག་ནི་༼ བོད་ཡིག་ཡིག་གཟུགས་འཛིན་གྲྭ།རི་མོ་འཛིན་གྲྭ། ཞབས་བྲོ་རུ་ཁག སྤོ་ལོ་རུ་ཁགརོལ་དབྱངས་འཛིན་གྲྭ་༽སོགས་ཡོད། སློབ་གྲྭའི་ནང་གི་ཆེད་སྦྱོང་དགེ་རྒན་རིམ་པ་དང་བྱིས་གསོ་དགེ་རྒན་བཅས་ཀྱི་མི་སྣ་༢༡ཡོད་པ་ཡིན།  M5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

338445ac331883ad7762d988c45f1a3c.jpgM5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

M5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

སློབ་གྲྭའི་ནང་དུ་ནམ་ཡང་རྒྱུན་ཆད་མེད་པ་ཞིག་ནི།སློབ་མ་ཚོའི་དཔེ་ཀློག་གི་གླུ་སྒྲ་དང་།དགེ་རྒན་དག་གི་ཉམས་ པ་མེད་པའི་སློབ་གསོ་དང་།སློབ་ཁྲིད་ཀྱི་སྤོབས་པ་དག་ངོ་སོ་བསྟོད་འོས་པ་ཞིག་ཡིན་ནོ། །   M5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

 M5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

                                             མཚམས་སྦྱོར་བ་འབའ་ར་འབྱུང་ཆོས་ཀྱིས།M5C康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论