༄༅།།བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་ངོ་སྤྲོད་མདོར་བསྡུས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

༄༅།།བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ། : བདེ་ཆེན་མཚོ།  ཀློག་གྲངས །: སྤེལ་དུས། : 2015-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

迪庆州藏文中学:民族教育之花绽放高原
བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་།
zCq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

  1994ལོའི་ཟླ10པར་བཙུགས་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་ནི་ཡུན་ནན་ཞིང་ཆེན་དུ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་སློབ་ཁྲིད་བྱེད་པའི་སློབ་འབྲིང་ཁོ་ན་ཡིན་ཞིང་། ཡུན་ནན་ཞིང་ཆེན་མི་རིགས་ཀྱི་སྐད་དང་ཡི་གེའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི“སྐད་གཉིས”སློབ་ཁྲིད་ཀྱི་ཚོད་ལྟའི་རྟེན་གཞི་ཡང་ཡིན་པ་རེད། ལོ་ངོ་བཅུ་དགུའི་རིང་ལ་སློབ་གྲྭ་འདི་གས་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་སྲོལ་རྒྱུན་འཛིན་སྐྱོང་སྤེལ་གསུམ་བྱེད་པར་སྐད་གཉིས་རྟོགས་པའི་འཇོན་མི་སྐྱེད་སྲིང་བྱེད་པའི་སློབ་བསྒྲུབ་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ལ་སྐད་གཉིས་རྟོགས་པའི་འཇོན་མི་བསྡེབས་ཀྱིས4600ལྷག་སྐྱེལ་ཐུབ་པ་བྱུང་བས། བདེ་ཆེན་ཁུལ་གྱི་འཇོན་མི་ལ་བརྟེན་ནས་ཁུལ་དར་སྤེལ་གྱི་འཐབ་ཇུས་མངོན་འགྱུར་བྱུང་བར་མཛད་རྗེས་ཆེན་པོ་བཞག་པ་རེད།zCq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་སློབ་གྲྭ་དེའི་དོན་དངོས་ཀྱི་གནས་ཚུལ་དང་འཚམ་པའི་སློབ་གསོའི་ལམ་བུ་ཞིག་འཚོལ་ཞིབ་བྱས།
zCq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

  མིག་སྔར་སློབ་གྲྭ་འདི་གར་འཛིན་གྲྭ57ཡོད་པ་སྟེ། མཐོ་འབྲིང་འཛིན་གྲྭ24དང་དམའ་འབྲིང་འཛིན་གྲྭ33ཡོད་ལ། བསྡོམས་པས་སློབ་མ3000ཡོད་པ་དང་། དགེ་རྒན་ལས་བཟོ་བ་མི227ཡོད་པའི་ཁྲོད་ཆེད་བསྐོས་དགེ་རྒན་མི199(བོད་ཡིག་དགེ་རྒན་མི24)བཅས་ཡོད་པ་རེད།
  བདེ་ཆེན་ཁུལ་གྱི་སྐད་གཉིས་སློབ་གསོའི་ཁྲོད་ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི་བཀོལ་སྤྱོད་བྱེད་བཞིན་ཡོད་ཅིང་། རྒྱ་ཡིག་གཙོར་ཁྲིད་པ་དང་བོད་ཡིག་ཞོར་དུ་ཁྲིད་པའི་རིགསBཅན་གྱི་སློབ་ཁྲིད་ཀྱི་བྱེད་ཐབས་སྤྱོད་པ་དང་། ཁུལ་བོད་ཡིག་སློབ་འབྲིང་དུ་གཟའ་འཁོར་གཅིག་ལ་འཛིན་གྲྭ་རེའི་བོད་ཡིག་སློབ་ཁྲིད་ཀྱི་ཚོགས་ཐུན6ཡན་བཀོད་སྒྲིག་བྱས་ཡོད་པ་རེད།
  བོད་ཡིག་ཁྲིད་དཔྱོད་ཚན་ཁག་གི་ཚན་གཙོ་ཟླ་བ་སྒྲོལ་མ་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བོད་ཁུལ་གྱི་ཡུལ་གཞན་དང་བསྡུར་ན་བདེ་ཆེན་ཁུལ་གྱི་སློབ་མའི་བོད་ཡིག་གི་རྨང་གཞི་ཅུང་ཞན་ཞིང་། སློབ་མ་མང་པོ་ཞིག་གིས་དམའ་འབྲིང་སྐབས་སུ་ད་གཟོད་བོད་ཡིག་སློབ་སྦྱོང་བྱེད་ཀྱིན་ཡོད་པས། གནས་ཚུལ་དེར་དམིགས་ནས་སློབ་གྲྭ་འདི་གས2012ལོར་རྐང་འཛིན་དགེ་རྒན་རྩ་འཛུགས་བྱས་ཏེ་དམའ་འབྲིང་ལོ་རིམ་དང་པོ་དང་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མའི་བོད་ཡིག་གི་དམའ་རིམ་སློབ་དེབ་རྩོམ་སྒྲིག་བྱས་ནས། མིག་སྔར་དངོས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད།
  མིག་སྔར་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དང་ནུབ་བྱང་མི་རིགས་སློབ་ཆེན་གཉིས་བར་གྲོས་མོལ་བྱུང་བ་སྟེ། ཁུལ་བོད་ཡིག་སློབ་འབྲིང་དུ་སློབ་ཁྲིད་ཀྱི་དངོས་སྦྱོང་རྟེན་གཞི་བཙུགས་ཏེ་ལོ་རེར་སློབ་ཆེན་གྱི་ལོ་རིམ་བཞི་བའི་སློབ་མ་དང་ཞིབ་འཇུག་སློབ་མ་བརྒྱ་ཡན་སློབ་འབྲིང་འདི་གར་ཡོང་ནས་སློབ་ཁྲིད་ལ་ཞིབ་འཇུག་དང་ལག་བསྟར་བྱས་པར་བརྒྱུད། བོད་ཁུལ་གྱི་སྐད་གཉིས་སློབ་ཁྲིད་གོང་དུ་སྤེལ་བར་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།zCq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གི་ཕྱིའི་བཀོད་པ།
zCq康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论