སློབ་ཆུང་སློབ་མའི་རྩོམ་ཡིག་འབྲི་སྟངས་སྐོར་གླེང་བ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

སློབ་ཆུང་སློབ་མའི་རྩོམ་ཡིག་འབྲི་སྟངས་སྐོར་གླེང་བ།

ཡོང་ཁུངས། :   རྩོམ་པ་པོ། : ཉི་མ་ནོར་བུ། བྲག་འགོ།  ཀློག་གྲངས །: སྤེལ་དུས། : 2020-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།
     བྱིས་པའི་ཁྲོད་ན་པྲ་ཆལ་དང་བསམ་ནག གདུག་རྩུབ་ཅན། བསམ་བཟང་།སྡིག་པར་འཚེམ་པ་སོགས་འདྲ་མིན་སྣ་ཚོགས་ཡོད། དེ་དག་སོ་སོའི་བྲིས་པའི་རྩོམ་ཡིག་ལའང་རྣམ་པ་སྣ་ཚོགས་སུ་མཆིས་པ་དངོས་ཡོད་གནས་ཚུལ་ཡིན་མོད། འོན་ཀྱང་དེ་སང་དགེ་རྒན་དང་ཁྱིམ་བདག་མང་པོས་ས་བོན་མི་འདེབས་པར་འབྲས་བུ་ཟ་བར་འདོད་བཞིན་ཡོད་ལ། བྱིས་པར་རྩོམ་ཡིག་འབྲི་བའི་རྨང་གཞི་མི་སློབ་པར་ཐད་ཀ་ཐད་གར་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་པའི་རེ་བ་འདོན་བཞིན་ཡོད་ལ། རེ་བ་དེ་ལེགས་འགྲུབ་མ་བྱུང་ཚེ་རྩོམ་དཔེ་མང་པོ་བློ་རུ་ལེན་དུ་འཇུག་བཞིན་ཡོད། དེ་དག་ནི་ཆེས“སྡུག་ཐུག”གི་ལས་ཀ་ཞིག་ཅི་ལ་མིན།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
གཅིག བྱིས་པའི་བསམ་བློ་ནི་མི་དར་མའི་བསམ་བློ་དང་གཏན་ནས་མི་འདྲ།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
     ཕ་མ་མང་པོ་ཞིག་གིས་རང་གི་བྱིས་པ་ཁྲིད་དེ་རང་ཉིད་དགའ་བའི་གནས༼ཇ་ཁང་ནས་འགྲིག་ཤོ་རྩེ་བ། ཆང་ཁང་དུ་སོང་ནས་གླུ་ལེན་པ་སོགས།༽སུ་སོང་ནས་རྩེད་མོར་རོལ་སྲིད།འོན་ཀྱང་སྐབས་དེར་བྱིས་པ་དག་ནི་ཟ་ཟུར་གང་རུང་ན་གཉིད་དུ་ཡུར་བ་ལས། ཕ་མ་ཚོ་དང་མཉམ་དུ་རྩེད་མོར་གཡེང་ནས་འདུག་པ་དཀོན་པོ་ཡིན། ཡང་ཁྱིམ་ཚང་ལ་ལའི་ཕ་མ་དང་ཡང་ན་ཨ་ཕྱི་དང་ཨ་མྱེ་ཡིས་རང་གི་བྱིས་པའམ་ཚ་བུ་ཚ་མོ་རྣམས་ཁྲིད་ནས་བྱིས་པའི་དགའ་ཚལ་དུ་འགྲོ་སྲིད། སྐབས་དེར་བྱིས་པ་དག་རང་ཉིད་དགའ་བའི་རྩེད་ཆས་ལ་འཐམས་ནས་ཉི་མཚན་གོ་བརྗེ་ཐུབ་ནའང་སྐབས་དེར་རྒན་པ་ཚོ་ཟ་ཟུར་གང་རུང་ན་གཉིད་དུ་ཡུར་བའམ་ཡང་ན་སྡོད་མི་ཚུགས་པར་ཕར་འགྲོ་ཚུར་འགྲོ་བྱས་ནས་བསྡད་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན།དེའི་ཕྱིར་སྤྱིར་མི་སོ་སོའི་ཁམས་དབང་མོས་པ་མི་མཐུན་ལ་ལྷག་པར་དུ་བྱིས་པ་དང་མི་དར་མའི་བསམ་བློའི་ལྟ་བ་ནི་གཏན་ནས་མི་མཐུན། བྱ་དངོས་གང་ཞིག་ཡིན་ཡང་བྱིས་པ་ལ་རང་གི་ལྟ་ཚུལ་ཡོད་པས་ནམ་རྒྱུན་མི་དར་མ་དག་གིས་བྱིས་པས་བྱ་དངོས་ལ་དབྱེ་འབྱེད་མི་ཤེས་ཟེར་ནས་མཐའ་གཅིག་ཏུ་སྒེར་གཅོད་བྱེད་པ་ནི་བྱིས་པའི་བསམ་བློ་ལ་རྡོག་རྩིས་བྱ་པ་ཡིན།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
     ང་ཚོས་ནམ་རྒྱུན་རང་གི་བློ་ཡུལ་དུ་ཤར་བའི་རྩོམ་ཡིག་གི་ཁ་བྱང་རེ་སློབ་མར་སྤྲོད་ཀྱིན་ཡོད་པས། མ་དག་རྒྱུན་འབྱམས་ཀྱི་གནས་ཚུལ་འདིས་སློབ་མ་རྣམས་ཀྱིས་ཀྱང་རྩོམ་ཡིག་རེ་འབྲི་བསམ་སྐབས་དགེ་རྒན་ལ་ཁ་བྱང་འདོགས་སུ་འཇུག་པའི་གནས་ཚུལ་་འབྱུང་བ་ཤིན་ཏུ་མང་། ཞིབ་ཏུ་བསམ་བློ་བཏང་ན་ང་ཚོའི་ནམ་ཡང་བྱིས་པ་ནི་མི་དར་མའི་བསྡུས་གཟུགས་ཤིག་ཡིན་པར་འདོད་པ་ནི་ནོར་འཁྲུལ་ཆེ་ཤོས་ཡིན།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
གཉིས། བྱིས་པའི་རྩོམ་ཡིག་ལ་ཚད་བཀག་མེད་པར་རང་གི་འཆར་སྒོ་བཞིན་འབྲི་རུ་འཇུག་དགོས།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
     ནམ་རྒྱུན་རྩོམ་ཡིག་གི་ལས་བྱ་འཇོག་པའམ་རྒྱུགས་གཞི་འབྲི་སྐབས་མང་ཤོས་ནི་དགེ་རྒན་གྱིས་གཏན་ཁེལ་བྱས་པའི་ཁ་བྱང་དེར་གཞིག་ནས་འབྲི་དགོས་ལ། ཁ་བྱང་དེ་སློབ་མར་རྒྱུས་ལོན་ཡོད་མེད་གང་རུང་དུ་ངེས་པས་ན་སློབ་མ་མང་ཤོས་ལ་རྩོམ་སྐར་ལེགས་པོ་ཐོབ་ཐུབ་ཀྱིན་མེད།ད་དུང་དེ་ལས་ཚབ་ཆེ་བ་ནི་རྩོམ་ཡིག་དེ་ཡིག་གྲངས་ག་ཙམ་གྱིས་མཇུག་རྫོགས་དགོས་པའམ་ཡང་ག་ཙམ་ཞིག་ངེས་པར་ཡོད་དགོས་པ་སོགས་ཀྱིས་རྗོད་བྱེད་ཚིག་གི་ངོས་ནས་ཡག་པོ་ཞིག་གཏན་ནས་ཡོང་མི་ཐུབ་པ་གཞིར་བཞག་ཡིན།མདོར་ན་དེ་དག་ཡོད་ཚད་ནི་སྐད་ཆའི་ཚད་བཀག་ཡིན།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
ལོ་འགའི་སྔོན་ནས་རྒྱལ་ནང་གི་སྤྱི་རྒྱུགས་འགའ་ཤས་སུ་གནད་དོན་འདི་ལྟ་བུ་ཞིག་བྱུང་ལ། དགེ་རྒན་ཆེ་གེ་མོས་རང་གི་ཁོར་ཡུག་གྲོང་ཁྱེར་ལ་གཞིག་ནས་རྒྱུགས་ཤོག་གི་ནང་དུ་ས་འོག་ལྕགས་ལམ་དང་རྐྱང་བགྲོད་ལྕགས་རྟ་སོགས་བཞག་པས་མཐའ་འཁོབ་ཀྱི་གྲོང་སྡེའི་སློབ་མ་ཚོས་མཐོང་ཙམ་མ་དགོས་ཐོས་ཀྱང་མ་མྱོང་བའི་གནད་དོན་དེས་གྲོང་སྡེའི་སློབ་མའི་རྒྱུགས་སྐར་གནོད་པ་ཚབ་ཆེན་ཐེབས་པ་ནི་ཁོར་ཡུག་གི་ཚད་བཀག་ཡིན་ལ།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
     གལ་ཏེ་བྱིས་པར་རྩོམ་ཡིག་རྣལ་མ་ཞིག་འབྲི་རུ་འཇུག་པ་དང་མ་འོངས་པར་བྱིས་པ་དེ་དག་གིས་རང་གི་བསམ་བློའི་འཆར་སྒོ་རྣམས་ཡི་གེའི་གཟུགས་སུ་ཕབ་ཐུབ་མཁན་རེ་གསོ་སྐྱོང་བྱེད་འདོད་ན། བྱིས་པ་རང་གིས་འབྲི་འདོད་པའི་བྱ་དངོས་འབྲི་རུ་འཇུག་དགོས་ལ། དེ་དག་འབྲི་སྐབས་ཡིག་གྲངས་ལ་ཚད་བཀག་མེད་པར་རྩོམ་དེའི་བརྒྱུད་རིམ་ཡིག་འབྲི་ག་ཙམ་གྱིས་རྫོགས་ན་དེ་ཙམ་འབྲི་བ་ལས་བྱིས་པར་རྩོམ་ཡིག་བློར་ལེན་དུ་འཇུག་པའམ་ཁ་བྱང་དང་ཡིག་གྲངས་སོགས་གཏན་ཁེལ་བྱེད་པ་ཞིག་མིན་པར། འབྲི་བྱའི་དོན་དེ་ནི་བྱིས་པ་རང་གི་སྙིང་གཏམ་དངོས་ཡིན་དགོས་པ་ལས་གཡོ་སྒྱུའི་སྐད་ཆ་གཅིག་ཀྱང་ཡོད་མི་རུང་། དེ་ལྟར་བྱས་ན་ད་གཟོད་ས་པཎ་གྱིས་གསུངས་པའི“བདེན་དགེ་མཛེས”གསུམ་ལས་བདེན་པ་ཞེས་པ་དེའོ།།ང་ཚོའི་སློབ་གསོའི་ཁ་ཕྱོགས་ལྟར་ན་སློབ་མས་དགེ་རྒན་ལ་སྙིང་གཏམ་བཤད་མི་ཕོད། དེ་ནི་སྐྲག་བརྩི་གཉིས་ཀྱི་བསམ་བློའི་ཆར་གཏོགས་ནའང་བདེན་པ་བདེན་ཐུབ་ཀྱི་རྩོམ་ཡིག་ཅིག་འབྲི་དགོས་ན་དགེ་སློབ་བར་གྱི་བར་ཐག་ཏེ་ངེས་པར་དུ་སེལ་བར་བྱེད་དགོས། དགེ་རྒན་གྱིས་སློབ་མས་བྲིས་པའི་སྙིང་གཏམ་དག་གཞན་ལ་རྩེད་མཚར་གྱི་ཆེད་དུ་མི་བརྗོད་པར་སློབ་མའི་རྩོམ་པ་དཔྱད་བརྗོད་དང་གདང་འཇོག་ལེགས་པོ་བྱེད་དགོས། དེ་ལྟར་བྱས་ན་སློབ་མར་མུ་མཐུད་དུ་བདེན་པ་བདེན་ཐུབ་ཀྱི་རྩོམ་ཡིག་འབྲི་བའི་སྤོབས་པ་ལྡན་སྲིད།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
གསུམ། དགེ་རྒན་དང་ཕ་མས་བྱིས་པའི་རྩོམ་ཡིག་གི་ཡིག་ནོར་བཅོས་བ་ལས་བརྗོད་བྱ་བཅོས་མི་རུང་།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
    དགེ་རྒན་དང་ཕ་མ་སུ་ཞིག་ཡིན་ནའང་སློབ་མའི་ནོར་འཁྲུལ་བཅོས་བར་ཤིན་ཏུ་དགའ། ལྷག་པར་དུ་རྩོམ་ཡིག་ཁྲོད་ཀྱི་ནོར་འཁྲུལ་བཅོས་པ་ཤིན་ཏུ་མང་། དེ་ལྟར་བཅོས་ཀྱིས་བཅོས་ཀྱིས་མཇུག་ལ་སླེབས་སྐབས་རྩོམ་ཡིག་དེར་བྱིས་པའི་བསམ་བློའི་ཉིང་བཅུད་གཅིག་ཀྱང་མེད་པར་ཚང་མ་དགེ་རྒན་དང་ཁྱིམ་བདག་གི་རྩོམ་ཡིག་ཁོ་ནར་གྲུབ་པའང་མང་པོ་ཡིན། དེ་ཕྱིར་ཐོག་མར་རྩོམ་ཡིག་བཅོས་སྐབས་བྱིས་པའི་རྩོམ་ཡིག་མགོ་མཇུག་མེད་པར་ཐེངས་གཅིག་ཀློག་པ་དང་དེ་ནས་ཚིག་སྐྱོན་དང་ཡིག་ནོར་ཙམ་བཅོས་པ་ལས་བརྗོད་བྱ་ནི་གཏན་ནས་བཅོས་མི་རུང་། Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
བཞི། བྱིས་པའི་རྩོམ་ཡིག་ལ“བདེན་དགེ་མཛེས་གསུམ”ལས་བདེན་པ་ཁོ་ན་འདུས་ན་ཆོགGdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
     གོང་ནས་བཤད་པ་བཞིན་བྱིས་པ་རྩོམ་ཡིག་ལ་བདེན་དགེ་མཛེས་གསུམ་ཚང་མ་ཚང་མི་དགོས།ལྷག་པར་དུ་སློབ་ཆུང་སློབ་མའི་རྩོམ་ཡིག་ལ་དེ་ལས་ཚང་མི་དགོས། གལ་ཏེ་དེ་དག་ཚང་དགོས་པའི་རྩོམ་ཡིག་ཅིག་འབྲི་དགོས་ན་ཕལ་ཆེར་ཚད་ལྡན་འབྲི་ཐུབ་མཁན་གཅིག་ཀྱང་མེད་པར་འདོད། དེའི་ཕྱིར་རྩོམ་ཡིག་ཐོག་མར་འབྲི་སྐབས་བདེན་པ་རྐྱང་པ་འབྲི་རྒྱུ་གལ་ཆེ། བདེན་པ་འབྲི་བར་གོམས་ན་བྱིས་པར་འབྲི་བྱ་ཤིན་ཏུ་མང་། འབྲི་བྱའི་རྒྱུ་ཆ་ཡོད་ན་འབྲི་བར་དགའ་སྣང་ཡོད། གཅིག་ལ་གཅིག་བརྟེན་ངང་རིམ་པ་བཞིན་དུ་རྩོམ་ཡིག་འབྲི་རུ་བཅུག་ན་རྩོམ་པ་པོ་ལེགས་པོ་རེ་གསོ་སྐྱོང་བྱེད་ཐུབ་པ་གདོན་མི་ཟ།བདེན་པ་འབྲི་ཐུབ་པའི་རྨང་གཞི་བཞག་རྗེས་ད་གཟོད་ཚིག་གི་མཛེས་པ་ལ་ཉམས་འཇོག་པ། སློབ་ཆུང་ལས་བརྒལ་རྗེས་ད་གཟོད་རྩོམ་ཡིག་གང་དེའི་དགེ་བ་སྟེ་གཞན་ལ་ཕན་པ་ཅི་ཞིག་ཐོགས་ཐུབ་པར་མནོ་བསམ་གཏོང་དགོས།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
     མདོར་ན་བྱིས་པའི་རྩོམ་ཡིག་ནི་ཀུན་སྤྱོད་སློབ་གསོའི་འཆང་བ་ལས་གྲོལ་ཐུབ་ན་ད་གཟོད་བདེན་པ་བདེན་ཐུབ་ཀྱི་རྩོམ་ཡིག་མང་པོ་ཞིག་འབྲི་ཐུབ། དཔེར་ན། དགེ་རྒན་རྣམས་ཀྱིས་ནམ་རྒྱུན་བྱིས་པ་དག་ལ་ཕན་ཚུན་བར་དམོད་མོ་དང་མཚང་བྲུ་བྱ་མི་རུང་དེ་ནི་མ་རབས་སྤྱོད་པ་ཡིན་ཞེས་བརྗོད་ནའང་། ནམ་རྒྱུན་འཚོ་བའི་ཁྲོད་དུ་སློབ་མ་ཚོས་ཕན་ཚུན་ལ་དམོད་མོ་དང་མཚང་བྲུ་བྱེད་བཞིན་ཡོད་ལ། དེ་དག་གིས་བེད་སྤྱོད་བྱེད་པའི་སྐད་ཆ་མང་པོ་ཞིག་གི་མི་དར་མའི་བསམ་ཕྱོགས་ལས་ཡོངས་སུ་བརྒལ་ཅིང་དགོད་བྲོ་བ་དང་གནད་ལ་སྨིན་པ་སོགས་ཚིག་དང་དོན་གྱི་སྒྱུ་རྩལ་གྱིས་ཕྱུག་པའི་སྐད་ཆ་རེ་འགའ་ཐོས་སྐབས་རང་ཉིད་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་མང་པོ་འབྱུང་སྲིད་པས། བདེན་པ་འབྲི་བར་ཀུན་སྤྱོད་ཀྱི་ར་བ་ལས་ཡོངས་སུ་བརྒལ་དགོས།བྱིས་པས་རང་གི་སེམས་སུ་ཤར་བའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཐམས་ཅད་ཡི་གེའི་གཟུགས་སུ་བཀོད་ཐུབ་ན་རྒྱུགས་ཤོག་ངོས་ཀྱི་བརྗེད་དཀའ་བའི་དོན་ཞིག་དང་དགེ་རྒན། ཕ་མ་སོགས་ནི་ལས་སླ་མོའི་སྒོ་ནས་འབྲི་ཐུབ་བོ།།
 ༢༠༢༠-༡༡-༢༦ལྷོ་ནུབ་མི་རིགས་སློབ་ཆེན་ནས།
 Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
ཉི་མ་ནོར་བུ།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
ཕ་ཡུལ་བྲག་འགོ། བྲག་འགོ་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ།དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།དཀར་མཛེས་ཁུལ་ཕུལ་བྱུང་དགེ་རྒན། རྐང་འཛིན་དགེ་རྒན། སློབ་དེབ་དང་ཁྲིད་གཞིའི་ཆེད་མཁས་པ། སི་ཁྲོན་ཞིང་ཆེན་གྱིསློབ་ཆུང་རྩོམ་རིག་དཔྱད་བརྗོད་པ།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
2011ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་དབྱིན་འཛིན་གྲྭ་ནས་སློབ་མཐར་ཕྱིན། ད་ལྟ་ཕ་ཡུལ་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད།Gdv康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
ཉེ་སྔོན《རྒྱང་རིང་གི་འཇིག་རྟེན》དང《ལམ་གྱི་བདེན་པ》《སེམས་ཀྱི་བདུད་རྩི》དག་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་བྱས།༢༠༢༠ལོར་བརྩམས་སྒྲུང་ཕྱོགས་སྒྲིག《རྨི་ལམ་ནང་གི་མེས་པོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ད་ལྟའི་བར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང་《མི་རིགས》《ཁ་བཏགས་དཀར་པོ》《གངས་ལྗོངས་ཉི་གཞོན》《གངས་དཀར་རི་བོ》《ལྷོ་ཁའི་རིག་སྒྱུ་རྩལ》《ཁྲི་ཤོར་རྒྱལ་མོ》《སྤང་ལྗོངས》《བླ་སྲོག》《འབྲོང་རྭ》《གངས་རྒྱན་ན་ཆུང་ཚགས་པར》《ཁམས་པའི་ཚགས་པར》 《གཞིས་ཀ་རྩེ་ཚགས་པར》《མཚོ་སྔོན་བོད་ཡིག་ཚགས་པར》སོགས་སུ་སྙན་ངག་དང་དཔྱད་རྩོམ།བརྩམས་སྒྲུང་།བསྒྱུར་རྩོམ་སོགས་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་སྤེལ་ཞིང་།  དེ་དག་ལས་ཁ་ཅིག་ལ་བྱ་དགའ་ཡང་ཐོབ་མྱོང་།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论