དཔྱད་རྩོམ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

དཔྱད་རྩོམ།ཕྱི་ལོག་པ །

    • 《སྙན་ངག་མེ་ལོང》གི་འགྱུར་བོད་དུ་དར་ཚུལ་གླེང་བ།

      སྙན་ངག་ནི་བོད་ཀྱི་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་ཡིན་པ་དང་། དུས་རབས་བཅུ་གསུམ་པར《སྙན་ངག་མེ་ལོང》ཐོག་མར་བོད་དུ་བསྒྱུར་པ་དང་། སྙན་ངག་གི་གཞུང་འདིས་ཕྱིས་སུ་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།《སྙན་ངག་མེ་ལོང》གི་གཞུང་ཚད་དང་ནང་དོན། དེ་བཞིན་བོད་འགྱུར་གྱི་གཞུང་དང་། དེའི་འགྲེལ་པ་དང་ཡང་འགྲེལ་སོགས་ཀྱི་སྐོར་ལ་སྔ་ཕྱིར་མཁས་པ་མང་པོས་ཞིབ་འཇུག་གནང་སྟེ་གསལ་ཁ་སྟོན་པ་དང་། དེའི་སྐོར་གྱི་རིག་དེབ་དང་དཔྱད་རྩོམ་སོགས་བརྗོད་ཀྱི་མི་ལངས་པ་རྒྱ་ཆེའི་ཀློག་པ་པོའི་མིག་ལམ་དུ་བཀྲམ་ཡོད། དཔྱད་རྩོམ་འདིར《སྙན་ངག་མེ་ལོང》གི་རྩོམ་པ་པོ་སློབ་དཔོན་དཎྜིའི་སྐོར་དང་སྙན་ངག་མེ་ལོང་གི་ནང་དོན། དེ་བཞིན་ས་པཎ་དང་ཤོང་སྟོན་གྱི་འགྱུར་དང་། ཕྱིས་ཀྱི་བོད་འགྲེལ་སོགས་བརྗོད་དེ། སྙན་ངག་མེ་ལོང་གི་འགྱུར་བོད་དུ་དར་ཚུལ་གླེང་ཡོད།

        སྤེལ་དུས། : 2021-10-11
    • སློབ་གསོའི་ཁ་ཕྱོགས་དང་སྐར་གྲངས།

      ཐོག་མར་དེང་སང་ས་ཆ་དང་ཡུལ་ལུང་སོ་སོའི་སློབ་གསོའི་སྣང་ཚུལ་ལ་ཅུང་ཙམ་དཔྱད་ནས་ཞིབ་ཏུ་བསམ་ན། རང་རྒྱལ་གྱི་ཆ་ཉམས་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པ་དང་སྟུན་ནས་སྔོན་དང་བསྡུར་ན་ལེགས་པའི་ཆ་མི་ཉུང་བ་ཞིག་ཡོད་ངེས་ལ་ཡོད་ཀྱང་འོས་པ་ཡིན། སློབ་མ་བསྡུ་ཚད་དང་ས

        སྤེལ་དུས། : 2021-03-13
    • སློབ་ཆུང་སློབ་མའི་རྩོམ་ཡིག་འབྲི་སྟངས་སྐོར་གླེང་བ།

      བྱིས་པའི་ཁྲོད་ན་པྲ་ཆལ་དང་བསམ་ནག གདུག་རྩུབ་ཅན། བསམ་བཟང་།སྡིག་པར་འཚེམ་པ་སོགས་འདྲ་མིན་སྣ་ཚོགས་ཡོད། དེ་དག་སོ་སོའི་བྲིས་པའི་རྩོམ་ཡིག་ལའང་རྣམ་པ་སྣ་ཚོགས་སུ་མཆིས་པ་དངོས་ཡོད་གནས་ཚུལ་ཡིན་མོད། འོན་ཀྱང་དེ་སང་དགེ་རྒན་དང་ཁྱིམ་བདག་མང་པོས་ས་བོན་མི་འདེབས་པ

        སྤེལ་དུས། : 2020-12-21
    • 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི》ཁྱད་ཆོས་སྐོར་ལ་ཅུང་ཟད་དཔྱད་པ།

      མི་རིགས་དང་རྒྱལ་ཁབ་གང་རུང་གི་རྩོམ་པ་པོ་སུ་ཞིག་ལ་མཚོན་ན་ཡང་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་ལྟ་རྒྱ་ཐོས་རྒྱ་ཇེ་ཆེ་དང་མིག་རྒྱ་ཇེ་ཡངས། འདུ་ཤེས་ཇེ་དྲག་ཏུ་སོང་ཚེ་རྩོམ་གྱི་རླབས་རྒྱུན་གསར་པ་འབྱུང་སྲིད། དེ་བཞིན་དུ་རིག་གནས་ལྷུག་རྩོམ་ལ་མཚོན་ན་ཡང་རྩོམ་པ་པོས་རང་གི་གསར་རྩོམ་གྱི་ཉམས་མྱོང་གསོག་འཇོག་དང་འཇིག་རྟེན་གྱི་ལྟ་ཚུལ་གསར་པ་དང་། ལོ་རྒྱུས་ལ་ཕྱིར་མིག་བྱས་ཤིང་རིག་གནས་ཀྱི་མཐོང་སྣེ་ནས་འཚོ་བར་ཟབ་ཞུགས་དང་དཔྱོད་ཤེས་ཀྱིས་བསམ་གཞིག་བྱས་ནས་རྩོམ་རིག་བརྩམས་ཆོས་སྣ་ཚོགས་བྲིས་ཤིང་བརྩམས་ཆོས་དེ་དག་རྩོམ་པ་པོས་རང་གི་བརྩེ་དུང་ཁོ་ན་བརྗོད་པའི་ཁྱབ་ཁོངས་ལས་བརྒལ་ནས་ནང་དོན་ཡོངས་ལ་རིག་གནས་ཀྱི་དྲི་ཞིམ་སྟུག་པོས་ཁྱབ་ཅིང་བརྗོད་བྱ་སྣ་མང་ཅན་དུ་བཏང་ཡོད་ལ་དེང་སང་རྩོམ་རིག་ལོ་རྒྱུས་སུ་འདིའི་རིགས་ལ་རིག་གནས་ལྷུག་རྩོམ་དུ་ངོས་འཛིན་བཞིན་ཡོད། རྒྱ་མི་རིགས་ལ་མཚོན་ན་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་དུ་རིག་གནས་ལྷུག་རྩོམ་དར་ཁྱབ་ཆེན་པོ་བྱུང་ཞིང་ད་ལྟའི་དུས་སུ་རིག་གནས་ལྷུག་རྩོམ་འབྲི་མཁན་གྱི་རྩོམ་པ་པོའི་དཔུང་ཁག་ཅིག་ཆགས་ཡོད། རིག་གནས་ལྷུག་རྩོམ་ཞེས་པའི་ཐ་སྙད་འདི་ཡང་ཕལ་ཆེར་འདི་དང་བསྟུན་ནས་བྱུང་བ་

        སྤེལ་དུས། : 2020-10-09
    • སློབ་ཆུང་སློབ་མའི་སློབ་དེབ་དང་རྩོམ་སྒྲིག་བྱེད་སྟངས་སྐོར་ལ་དཔྱད་པ།

      སློབ་དེབ་ནི་མི་རིགས་ཀྱི་རྗེས་རབས་པ་ཞིག་སྐྱོང་བའི་རྟེན་དང་ཁྲིད་པའི་མིག་ལྟ་བུ་ཡིན་པས་འདི་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་པ་ནི་དོན་གྱིས་མི་རིགས་ཤིག་དང་མི་རབས་ཤིག་ལ་ཞིབ་འཇུག་དང་མཐོང་ཆེན་བྱེད་པ་ནང་བཞིན་རེད། དེ་བས་སློབ་དེབ་རྩོམ་སྒྲིག་འདི་སློབ་མ་འག

        སྤེལ་དུས། : 2020-06-24
    ངོས:1/4 ངོས་རེར་ནང་དོན་15 འཆར་ཐུབ། སྡོམ་པས་ནང་དོན་60   གཙོ་ངོས  གོང་ངོས  ཞོལ་ངོས  མཇུག་ངོས   

ཀློག་གྲངས་མང་ཤོས།

ནང་དོན་གསར་ཤོས།