སློབ་གསོའི་ཁ་ཕྱོགས་དང་སྐར་གྲངས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

སློབ་གསོའི་ཁ་ཕྱོགས་དང་སྐར་གྲངས།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : བདུད་ཕྲུག  ཀློག་གྲངས །: སྤེལ་དུས། : 2021-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཐོག་མར་དེང་སང་ས་ཆ་དང་ཡུལ་ལུང་སོ་སོའི་སློབ་གསོའི་སྣང་ཚུལ་ལ་ཅུང་ཙམ་དཔྱད་ནས་ཞིབ་ཏུ་བསམ་ན། རང་རྒྱལ་གྱི་ཆ་ཉམས་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པ་དང་སྟུན་ནས་སྔོན་དང་བསྡུར་ན་ལེགས་པའི་ཆ་མི་ཉུང་བ་ཞིག་ཡོད་ངེས་ལ་ཡོད་ཀྱང་འོས་པ་ཡིན། སློབ་མ་བསྡུ་ཚད་དང་སློབ་ཁྲིད་ཀྱི་ཚད་དམིགས་ཚད། སློབ་གྲྭའི་སྒྲིག་ལམ། སློབ་མའི་རོག་དངུལ། ཁ་སོབ་གཅིག་དང་མི་དགོས་པ་གཉིས་དང་།དགེ་རྒན་གྱི་འགན་འཁྲི་སོགས་ཡར་ཐོན་ཅུང་ཙམ་ཞིག་ཡོད་པ་བདེན་ཏུ་ཆུག་ཀྱང་། ཟུར་གཞན་ཞིག་ནས་ཅུང་ཙམ་རྟགས་ཤིང་དཔྱད་ན། ཡར་ཐོན་རང་བཞིན་ཅན་གྱི་གནོད་དོན་གཅིག་ལས་དོན་ཆེན་བརྒྱ་འཐོས་ཤོར་དུ་བུད་འགྲོ་བཞིན་འདུག གང་ཞེ་ན། སྐར་གྲངས་ཁོ་ནས་ཡོད་ཚད་ཐག་ཆོད་པའི་སློབ་གསོའི་ཚད་ཤིང་“标杆”ཞིག་ཡོད་པ་དེ་རེད།8XJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གཅིག དགེ་རྒན་ལོག་ལམ་དུ་ཁྲིད་པ།8XJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     ལས་ཁུངས་སོ་སོའི་ལས་དོན་ལས་སློབ་གྲྭའི་ལས་འགན་ནི་ཆེས་ལྕི་བ་དང་ཆེས་ཚབ་ཆེན་རང་བཞིན་ཅན་དེ་ཡིན་ལ། ལས་བྱེད་པའི་ནང་ནས་དགེ་རྒན་གྱི་སློབ་གསོའི་ལས་དོན་ནི་ལྗིད་ཚད་ཆེས་ཆེ་བ་དང་གནད་དོན་ཡང་མི་ཉུང་བ་ཞིག་འབྱུང་སྲིད་པ་དེ་ཡིན་ངེས། དེ་བས་དགེ་རྒན་གྱི་ལོ་འཁོར་གཅིག་གི་ལས་དོན་དེ་ཕྱོགས་སྡོམ་བྱས་ནས་དཔྱད་ཞིབ་"考核"བྱས་ནས་མཇུག་འབྲས་བཟང་ངན་ནམ་མཐོ་དམའ་ལ་ལྟ་ཞིབ་དགོས་པ་རེད་མ་གཏོག 8XJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཉེ་ཆར་བདག་གི་ཕ་ཡུལ་གྱི་འགྲོ་སྟངས་ལྟར་སྐར་མ་ཁོ་ན་ལ་རེ་བ་དང་སྨོན་པ་ཡིན་ན། དཔེར་ན་དྲང་ལྡོག་གི་དགེ་རྒན་གཉིས་ཡོད་པའི་དབང་དུ་བཏང་ན། གཅིག་ཤོས་དེས་སྐར་གྲངས་ལ་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསམ་བློ་བཏང་ནས།གཅིག་རྐུ་འབྲི། གཉིས་གཞན་པ་རྒྱུགས་སྤྲོད་ལྟ་ཞིབ་"监考,པ་ལ་ངོ་དགའ་བཤད་པ་དང་དངོས་པོ་སྟེར་བ་ལ་བྲེལ་ནས་ལོ་གང་བོར་སློབ་མ་ལ་སློབ་ཁྲིད་ཚད་ལྡན་ཉིན་གཅིག་མེད་པར་འདུར་བ་རེད། དེའི་འབྲས་བུར་དམའ་འབྲིང་སྐབས་ཀྱི་སློབ་མ་རྣམས་ལ་ཡི་གེ་འབྲི་ཀློག་ཙམ་ཡང་དག་མོ་མི་ཤེས་པ་དང་།དེ་ཙམ་མ་ཚད་པས་བསམ་བློའི་བདེ་ཐང་དང་ལུས་ཕུང་བདེ་སོགས་ཀུན་ནས་དབུལ་ཞིང་འདོར་ན་མི་ཚད་ལྡན་ཞིག་སྐྱོན་ཅན་དུ་སྒྱུར་དང་འགྱུར་གྱིན་པ་དེ་རེད།8XJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     གཅིག་ཤོས་དེའི་རང་གི་འཛིན་གྲྭའི་སློབ་མ་དག་ལ་སྙིང་ཉེ་ཉེ་ཤ་ཚ་ཚ་བྱས་ནས་སློབ་མའི་བསམ་བློའི་འདུ་ཤེས་དང་འཚོ་བའི་རྒྱབ་ལྗོངས་དང་སེམས་ལ་རྨ་ཁ་ཡོད་མེད་སོགས་སྒོ་ཀུན་ནས་རྒྱུས་ལོན་ཡག་པོ་བྱས་ནས་དགེ་རྒན་འཁྲབ་སྟོན་པ་དང་སློབ་མ་ནི་ལྟ་མཁན་ཁོ་ན་རུ་མ་གྱུར་པར།དགེ་རྒན་ནི་འཁྲབ་ཁྲིད་པ་དང་སློབ་མ་ནི་འཁྲབ་སྟོན་པ་ལྟ་བུའི་སྐར་མ་བཞི་བཅུ་རིང་གི་དུས་ཚོད་དེ་དགེ་སློབ་སྤྱི་ལ་དབང་བའི་དུས་ཚོད་དང་ཁྲིད་སྟེགས་ཀྱང་དེ་བཞིན་བྱས་ནས་སློབ་མའི་ཀུན་སྤྱོད་དང་བདེ་ཐང་དང་སློབ་འདོད་ཀྱི་ནུས་པ་སྐྱེ་གསེང་དང་ཡི་གེའི་འབྲི་ཀློག་སྦྱོར་གསུམ་སོགས་གང་ལ་གང་འཚམ་རེ་སློབ་བུ་ཚོའི་རྒྱུད་ལ་ངེས་ཐུབ་པ་མངོན་གསལ་ཡིན་པ་རེད། ཡིན་ན་ཡང་། རྒྱུགས་འབྲས་སྐར་གྲངས་ནི་གཤུ་འབྲི་དང་བརྐུ་འབྲི་བྱེད་མཁན་དག་ལ་སྡུར་ཐབས་མེད་པ་ཀུན་གྱིས་ཤེས་གསལ་རེད། བརྐུ་འབྲི་དང་གཤུ་འབྲི་ལ་འབད་མཁན་དེ་ལ་རྒྱལ་ཁ་ཐོབ་སྲིད་པ་རེད། དེ་བས་ལོ་མཇུག་སྡོམ་རྩིས་ལས་དོན་བཟང་ངན་དེ་སྐར་གྲངས་ཀྱིས་ཐག་གཅོད་པ་ཡིན་ཕྱིར། ཤ་ཚ་ཚ་སྙིང་ཉེ་ཉེ་བྱས་བསྡད་པའི་དགེ་རྒན་བཟང་པོ་དེ་ད་གཟོད་ཕམ་ཁ་དང་གྱོད་གུད་ཀྱི་གནས་ལ་ལྷུང་ཡོད་པ་བཤད་ག་ལ་དགོས།དེ་སྟུན་ཆེ་སློབ་གྲྭ་དང་སློབ་གསོ་ཅུའུ་ཡིས་སྡིག་མོད་དང་ངན་སྨོད། ཆུང་ས་ཁྱིམ་བདག་རེ་རེ་བཞིན་གྱིས་བསམ་འཆར་མི་ཉུང་བ་ཞིག་འོས་མིན་དུ་འཁུར་དགོས་པ་རེད། བརྐུ་འབྲི་དང་གཤུ་འབྲི་བྱེད་མཁན་གྱི་དགེ་རྒན་དེ་ལ་ཆེ་སློབ་གྲྭ་ཆུང་ཁྱིམ་བདག་ཚང་མས་བསྟོད་པའི་མཐེ་བོང་སྒྲེང་ཞིང་། སྲིད་གཞུང་གི་སྒོར་ཁྲི་ཚོ་དུ་མའི་དཔལ་དར་ཕུལ་དང་གཟེངས་རྟགས་ཀྱང་གནང་བ་རེད། དེས་ཤུགས་རྐྱེན་ངན་པ་ལ་བརྟེན་ནས་དགེ་རྒན་བཟང་པོ་དེ་ཡང་ལོ་རྗེས་མར་བརྐུ་འབྲིའི་ནུས་པ་སྐྱེ་གསེང་བྱེད་པ་ལས་གཞན་ཐབས་མེད་པ་ཞིག་ཆགས་ཡོང་བ་རེད། ལོ་རེ་གཉིས་ཙམ་གྱི་མཚམས་ནས་སེམས་བཟང་ཅན་གྱི་དགེ་རྒན་ནི་ཕར་ཆེར་ཡོད་པ་མ་རེད་ཅེས་དགག་སྒྲ་སྦྱར་ཆོག་ཆོག་ཡིན་པ་ཚོད་དཔག་བྱས་ནས་བཤད་པར་ནུས། 8XJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གཉིས། སློབ་མའི་སྤུས་ཚད་ཇེ་བཙོག་ཏུ་གཏོང་བ། 8XJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     དྭངས་ཤིང་གཙང་བའི་བྱིས་པའི་སེམས་དེ་ནི་དཀར་ཞིང་གཙང་བའི་ཤོག་བུ་དང་མཚུངས་པ་རེད། དེའི་ངོས་སུ་རི་མོ་བས་རི་མོ་ཇི་ལྟར་བྲིས་ན་དེ་ལྟར་འབྱུང་སྲིད་པ་རེད། དེ་བས་སློབ་གསོ་ཞེས་པ་ནི་ཤེས་རིག་གོང་དུ་སྤེལ་ཐབས་སམ། གོ་རྟོགས་མཐོ་རུ་གཏོང་བའི་བསླབ་བྱ་ཞིག་ཡིན་ལ།མི་གསོན་པོའམ་མི་གྲལ་དུ་འགྲོ་འདུག་ཤེས་པའི་མྱི་ཞིག་བཅའ་ཐུབ་རྒྱུ་དང་། ཀུན་སྤྱོད་བཟང་པོ་དང་། སྤུས་ཚད་ཡག་པོ་ཡོང་རྒྱུ་སོགས་ནི་དགེ་རྒན་གྱི་འགན་འཁྲི་ཡིན་པ་རེད། དེ་ལས་ལྡོག་སྟེ་ལོ་རིམ་དང་པོ་ནས་རྐུ་འབྲི་དང་གཤུ་འབྲི་ཡིས་ནུས་པ་ཁོ་ན་རྩལ་འདོན་པ་དང་། ཀུན་སྤྱོད་སློབ་གསོ་དང་། ཡ་རབ་སྤྱོད་བཟང་གི་སློབ་གསོ་སྐར་མ་བཅུ་ཡི་རིང་ལ་བཤད་མྱོང་མེད་པ་དང་སློབ་མས་གོ་ཡང་མ་མྱོང་བ་ཞིག་ཆགས་ནས་ཡོད། དེ་བས་དྭངས་གཙང་གི་བྱིས་པའི་སེམས་ངོར་ལ་ནག་ནོག་གི་རི་མོ་མང་པོ་ཕབ་ཚར་རྗེས། ལོ་རིམ་མཐོ་བ་དང་སྟུན་ནས་ཀུན་སྤྱོད་ཇེ་ཞེན། སྤུས་ཚད་ཇེ་ངན་དུ་འགྲོ་བཞིན་འདུག དེའི་འབྱུང་རྩ་གང་ཞེ་ན། གོང་ཞུས་ལྟར་སྐར་གྲངས་ཁོ་ནས་ཡོད་ཚད་ཐག་བཅད་ཟིན་པའི་ལུགས་ངན་སྲོལ་ངན་དེས་དགེ་རྒན་ལོག་ལམ་དུ་ཁྲིད་ཚར་བའི་མཇུག་འབྲས་ཡིན་པ་རེད། 8XJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གསུམ། སློབ་གསོའི་ཁ་ཕྱོགས་ཁྱོན་ནས་ནོར་བ།8XJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     སྐར་གྲངས་ཀྱི་ཆེད་དུ་འཐབ་རྩོད་བྱེད་པའི་སློབ་གསོ་ནི་ནོར་འཁྲུལ་ཧ་ཅང་ཆེ་ལ།སློབ་གྲྭའི་དགེ་རྒན་དག་ལ་མཚོན་ན་ལོ་ཆུང་བྱིས་པ་གང་མང་ཞིག་ལ་སློབ་གསོ་གཏོང་ཁུལ་བྱེད་བཞིན་ཡོད་ལ།དྭངས་གཙང་གི་བྱིས་བློའི་ངོས་ལ་ཁོང་ཚོས་ཕབ་པའི་ཞབས་རྗེས་ལྟ་བུ་སློབ་གསོ་དེ་ནི་ཧ་ཅང་ཤུགས་ཆེ་པོ་ཡིན་ལ།ཁོང་ཚོས་ནམ་རྒྱུན་མི་གཞིའི་ཀུན་སྤྱོད་ལ་ཕན་པ་ཡོད་པ་དང་རིག་གནས་ཆུ་ཚད་ལ་ཕན་པ་ཡོད་པའི་སློབ་གསོ་བཏང་བ་ནི་ཧ་ཅང་ཉུང་ལ།སྐར་གྲངས་ནི་གཙོ་བོར་འཛིན་ལ་བཙུག་ཏུ་བཀུར་ནས་སློབ་གསོ་གཏོང་བཞིན་ཡོད།ད་དུང་ནམ་རྒྱུན་ཁྱིམ་བདག་དང་དགེ་རྒན་སུ་ཡིན་ནའང་བྱིས་པའི་མི་གཞི་དང་ཀུན་སྤྱོད་བཟང་ངན་ལུས་ཕུང་བདེ་ཐང་སོགས་རྩ་བ་ནས་མི་གླེང་པར་མ་ཚད་བྱིས་པའི་སྐར་གྲངས་མཐོ་དམན་ཁོ་ན་གླེང་དང་གླེང་བཞིན་ཡོད་པ་རེད།ད་དུང་རྒྱལ་ཁབ་སློབ་གསོ་པུའུ་ཡིག་ཆ་ལྟར་ན།སློབ་ཆུང་སློབ་མ་དག་ལ་མཚོན་ན་དགྱ་ཡིག་དང་བོད་ཡིག རྩིས་ཡིག་“美术”མཛེས་རྩལ། བསམ་བློའི་ཀུན་སྤྱོད་“品德”བཅས་ངེས་སྦྱོང་སློབ་ཁྲིད་ཡིན་དགོས་མོད།དེ་ལས་གལ་ཆེ་བ་ནི་རྩལ་སྦྱོང་“体育”དང་ཆབ་སྲིད་བསམ་བློའི་སློབ་གསོ་གཉིས་ཡིན་པ་རེད།ཞོར་དུ་བདེ་ཐང་སློབ་གསོ་“健康教育”དང་བདེ་འཇགས་སློབ་གསོ་“安全教育”ཉི་འོད་འོག་གི་བྱ་འགུལ་“阳光活动”སོགས་སློབ་མ་ན་གཞོན་དག་བདེ་ཐང་ངང་འཚར་ལོངས་བྱུང་རྒྱུ་དང་ཡང་ན་སྐྱོན་མེད་ཡོན་ཏན་ཀུན་ལྡན་གྱི་མི་བུ་དག་དག་འཚར་ལོངས་བྱུང་དུ་མཇུག་རྒྱུ་ནི་རང་རྒྱལ་སློབ་གསོའི་དམིགས་འབེན་ཡིན་པ་རེད།འོན་ཀྱང་།ས་ཆ་འདི་དང་འདི་ལྟ་བུ་གང་མང་ཞིག་ནས་བསམ་བློ་ཀུན་སྤྱོད་དང་མཛེས་རྩལ།རྩལ་སྦྱང་བདེ་ཐང་སློབ་གསོ་དང་བདེ་འཇགས་ཤེས་བྱ།ཉི་འོད་བྱ་འགུལ་སོགས་སློབ་ཁྲིད་གཅིག་ཀྱང་མེད་པས་མ་ཟད།ངེས་སྦྱང་སློབ་དེབ་ལས་སློབ་ཚན་ཁ་ཤས་དང་སློབ་ཚན་རེ་ལས་ཚན་པ་རེ་གཉིས་རེ་ལས་མི་ཁྲིད་པའང་ཧ་ཅང་མང་།ཁོང་ཚོས་སྔར་རྒྱུགས་བླངས་ཟིན་པའི་རྒྱུགས་ཤོག་རེའི་ངོས་ནས་ནམ་རྒྱུན་རྒྱུགས་ནང་དུ་འོང་སྲིད་པ་ནི་འདི་དག་རེད་ཟེར་ནས་ལུང་བསྟན་རྫུན་མ་རེ་གནང་གིན་རྡོ་ཆག་བཙན་སྒྲིག་གི་དཔེ་བཞིན་དུ་སློབ་མ་ཚོ་ལ་བློར་བཟུང་དུ་བཅུགས་པ་དང་འབྲི་རི་བཅུགས་པ་རེད།སློབ་མ་དག་གིས་ཐ་སྙད་དེ་དག་རྒྱུགས་གྱི་ནང་ནས་སྔར་ཇི་ལྟར་བཀོལ་སྤྱོད་བྱས་ཡོད་ན་དེ་ལྟར་མ་གཏོག་བཀོལ་སྤྱོད་མི་ཤེས་པའི་གནས་སུ་གྱུར་ཡོད་པ་རེད།སློབ་གསོ་དེ་དག་གི་འོག་ནས་ནར་སོན་པའི་སློབ་མ་དག་ནི་སྐར་གྲངས་ཁོ་ནའི་ཆེད་དུ་དཔེ་ཆ་ལྟ་བའམ་རིག་གནས་སྦྱོང་པ་ལས་མི་གཞི་དང་ཀུན་སྤྱོད་རང་ཉིད་ཀྱི་ཆེད་དུ་རིག་གནས་སྦྱང་མཁན་ནི་རྩ་བ་ནས་མེད་པར་འགྱུར་དང་འགྱུར་བཞིན་ཡོད།དེར་བརྟེན་ནམ་རྒྱུན་རྒྱུགས་སྤྲོད་པའི་སྐབས་སུ་རྐུ་འབྲི་དང་བཤུ་འབྲི་བྱེད་པའི་བྱ་ངན་འདི་དང་ཁ་བྲལ་ཐབས་མེད་པའི་ནག་ཉེས་ལུང་ཆེན་གང་གི་ནང་ན་ཡང་མི་ཤོང་བ་བསྒྲུབས་ཚར་བ་རེད།དེ་བས་སྐར་གྲངས་ཀྱི་ཆེད་དུ་འཐབ་རྩོད་བྱེད་པའི་སློབ་གསོ་འདི་སློབ་གསོའི་ཁ་ཕྱོགས་ཁྱོན་ནས་ནོར་ཡོད་པ་བཤད་ག་ལ་དགོས་ཏེ་མི་དགོས་སོ། 8XJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论