ཆ་འཕྲིན་ལག་རྩལ་གྱིས་བོད་སྐད་ཡིག་སློབ་ཁྲིད་ལ་ནུས་པ་ཆེན་པོ་འདོན་ཐུབ་པའི་སྐོར་གླེང་བ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

ཆ་འཕྲིན་ལག་རྩལ་གྱིས་བོད་སྐད་ཡིག་སློབ་ཁྲིད་ལ་ནུས་པ་ཆེན་པོ་འདོན་ཐུབ་པའི་སྐོར་གླེང་བ།

ཡོང་ཁུངས། : 教学实践中   རྩོམ་པ་པོ། : 才登旺毛  ཀློག་གྲངས །: སྤེལ་དུས། : 2024-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།
༄༅།།ཆ་འཕྲིན་ལག་རྩལ་གྱིས་བོད་སྐད་ཡིག་སློབ་ཁྲིད་ལ་ནུས་པ་ཆེན་པོ་འདོན་ཐུབ་པའི་སྐོར་གླེང་བ།

浅谈信息技术对藏语教学的重要作用LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

                                           ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་སློབ་འབྲིང་གཉིས་པ་བོད་ཡིག་སློབ་དཔྱོད་ཁང།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

                                                                    ཚེ་བརྟན་དབང་མོ།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ནང་དོན་གནད་བསྡུས།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཆ་འཕྲིན་ལག་རྩལ་གྱིས་བོད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་དང་དཔལ་འབྱོར། ཆབ་སྲིད། ཐོན་སྐྱེད། བཟོ་ལས་བཅས་དེང་རབས་ལག་ཤེས་ལ་སྐུལ་འདེགས་གཏོང་ཐུབ་ལ་སློབ་ཁྲིད་སྐབས་སུ་བོད་ཡིག་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་ལ་རོགས་འདེགས་བླ་ན་མེད་པ་བྱེད་ཐུབ།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བརྡ་ཆད་གཙོ་བོ།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

Ppt ཁྲིད་ཆས།     སློབ་ཕྲན།   འགུལ་རིས།   དཀར་པང་།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཆ་འཕྲིན་ལག་རྩལ་ནི་སྤྱི་ཚོགས་གོང་འཕེལ་འགྲོ་བའི་གཞི་རྩའི་ཆ་རྐྱེན་ལ་གྱུར་ནས་དེང་དུས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཆ་འཕྲིན་ལག་རྩལ་མཁོ་སྤྱོད་བྱེད་བཞིན་ཡོད། ད་ལྟ་ཚན་རིག་དར་ཁྱབ་ཆེ་བའི་མི་རིགས་དང་ས་གནས་དག་གིས་ཚན་རྩལ་འཕེལ་རྒྱས་ཞན་པའི་མི་རིགས་དང་ས་གནས་ལ་དཔལ་འབྱོར་དང་རིག་གནས་སོགས་ཀྱི་ཐོག་ནས་བཙན་ས་འཛིན་པ་དང་མི་རིགས་དེ་དག་གི་རིག་གནས་ལའང་གནོད་པ་ཚབས་ཆེན་བཟོས་དང་བཟོ་བཞིན་པ་རེད། དེ་ཡང་རྗེས་ལུས་ཐེབས་པའི་ལུང་པའམ་ཡུལ་མཐའ་འཁོབ་ཀྱི་མི་དག་ནི་གཙོ་བོ་ནི་ཚན་རིག་འཕེལ་རྒྱས་མ་སོང་བའི་དབང་གིས་མི་སེམས་ཚན་རིག་དར་ཁྱབ་ཆེ་བའི་མི་རིགས་དང་ས་གནས་ལ་ཡིད་སྨོན་ཤོར་བའམ་ཁ་ཕྱོགས་ནས་རང་ཕྱོགས་ཀྱི་ཤེས་རིག་ལོ་རྒྱུས་སོགས་ལ་འགྱུར་བ་ཐེབས་པ་རེད། གནས་ལུགས་འདིའི་ཐད་ནས་དེང་གི་བོད་ཡིག་མཁས་པ་རྣམས་ཀྱིས་འབད་པ་ཆེན་པོ་མཛད་ནས་བོད་ཁུལ་གྱི་ཆ་འཕྲིན་རིག་གནས་ཀྱི་ཐད་ལ་མཛད་པ་འཕྲིན་ལས་བསྐྱངས་དང་སྐྱོང་མུས་ཡིན་པས། དེ་ལུགས་ཀྱིས་ཡུལ་ལུང་གི་ལས་རིགས་ཐམས་ཅད་ལའང་གོང་འཕེལ་གང་ལ་གང་འཚམ་རེ་ཐོན་བཞིན་འདུག །འོན་ཀྱང་རིག་གནས་རྙིང་པར་མི་དགའ་ཞིང་རིག་གནས་གསར་པའམ་མི་སྤྱོད་པའི་མི་འགས་ད་དུང་ཕ་མས་བཞག་པའི་ཉལ་ས་དྲོན་མོ་རུ་གཞོག་གཡས་འཁོར་གཡོན་འཁོར་བྱེད་བཞིན་བདེ་བར་ཉལ་འདུག །མི་དེ་དག་ཉལ་ནའང་ཉལ། དེང་གི་བོད་ཡིག་དགེ་རྒན་འགའ་རེས་ཀྱང་འགུལ་རིས་༼flash༽དང་གློག་རྡུལ་དཀར་པང་༼黑板༽། ཁྲིད་ཆས་༼ppt༽ཟེར་བ་འདི་དག་ཅི་ཡིན་འདི་ཡིན་མི་ཤེས། ང་ཚོ་བོད་འདི་སྔ་ས་ནས་སྲོལ་རྒྱུན་སློབ་ཁྲིད་བཀོལ་ནས་ཡོང་བས་འཛམ་གླིང་ནས་མིང་གྲགས་ཅན་གྱི་མཁས་པ་བགྲང་ལས་འདས་པ་བྱུང་ཡོད།  དེའི་དུས་ ppt ཁྲིད་ཆས་ཟེར་བ་ཞིག་ཡོད་མ་རེད། ནག་པང་༼黑板༽ཟེར་བ་མེད། སློབ་ཁྲིད་སྐབས་སུ་ཡི་གེ་འབྲི་ས་ཞིག་ཡོད་རེད་མ་གཏོགས་དཀར་པང་༼白板༽ཟེར་བའང་མིག་གིས་མ་མཐོང་ལ་རྣ་བས་ཀྱང་མ་ཐོས། ངས་སྲོལ་རྒྱུན་གྱི་སློབ་ཁྲིད་ཁྲིད་ཐབས་འདི་མེད་པར་བྱེད་རྒྱུ་མིན། ཞེས་བཤད་ནས་འབྲོང་རྭའི་སྦུག་ལ་འཛུལ་ནས་བཙན་ས་འཛིན་ཁུལ་བྱེད་བཞིན་གདའ། དེ་ནི་ལྐུགས་པ་ཨུ་ཚུགས་ཀྱི་ལས་ཀ་ཞིག་ལས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པའི་ཐབས་དམ་པ་མ་རེད། སློབ་ཁྲིད་སྐབས་སུ་གློག་རྡུལ་དཀར་པང་དང་སློབ་ཕྲན་༼微课༽ppt ཁྲིད་ཆས་བཀོལ་སྤྱོད་བྱེད་པ་ནི་སྲོལ་རྒྱུན་གྱི་སློབ་ཁྲིད་མེད་པར་བྱེད་པ་མ་ཡིན་ལ་སྲོལ་རྒྱུན་གྱི་སློབ་ཁྲིད་ཇེ་ལེགས་དང་ཇེ་ཡག་ཏུ་འགྲོ་བར་སློབ་ཁྲིད་རམ་འདེགས་བྱེད་པའི་ཡོ་བྱད་བཟང་ཤོས་དེ་བཀོལ་སྤྱོད་བྱེད་པ་ཡིན།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

         མི་རིགས་མང་པོས་རང་གི་སྐད་ཡིག་སློབ་ཁྲིད་བྱེད་པའི་སྐབས་སུ་གློག་རྡུལ་དཀར་པང་དང་pptཁྲིད་ཆས་བཀོལ་བཞིན་འདུག་པས་དེ་དག་གིས་གློག་རྡུལ་དཀར་པང་དང་སློབ་ཕྲན་pptཁྲིད་ཆས་ཀྱིས་རང་མི་རིགས་རིག་གནས་སློབ་ཁྲིད་ལ་ཕན་པ་འདུག་བསམ་ནས་བཀོལ་བ་དང་གློག་རྡུལ་དཀར་པང་དང་སློབ་ཕྲན་pptཁྲིད་ཆས་ནི་ཚན་རིག་པ་མང་པོས་བཀོལ་སྤྱོད་དང་ཞིབ་འཇུག་གྲངས་མང་མཛད་ནས་ལེགས་པོ་འདུག །ཁྲིད་ཆས་འདི་བཀོལ་ན་སློབ་གསོ་སློབ་ཁྲིད་ལ་ཕན་པ་འདུག་པ་ཚན་རིག་གིས་ཞིབ་འཇུག་དང་ཐག་བཅད་གནང་ནས་བཀོལ་བཞིན་ཡོད་པ་རེད་མ་གཏོགས་གློག་རྡུལ་དཀར་པང་དང་སློབ་ཕྲན་pptཁྲིད་ཆས་འདི་མི་ག་གེ་མོ་ཞིག་གིས་བཀོལ་སྤྱོད་བྱེད་དགོས་བཤད་པ་ནི་མ་རེད། སྐད་ཡིག་ནི་འཛམ་གླིང་ལ་ཁ་ཕྱོགས་པ་དང་མ་འོངས་པ་ལ་ཁ་ཕྱོགས་དགོས་པས་ཆ་འཕྲིན་ལག་རྩལ་ནི་སློབ་ཁྲིད་ཀྱི་ཡོ་བྱད་བཟང་ཤོས་ལ་བརྩི་དགོས་ཀྱི་རེད། ཆ་འཕྲིན་ལག་རྩལ་གྱིས་བོད་ཡིག་གི་སློབ་ཁྲིད་གོ་རིམ་ཇེ་བཟང་དང་སྤུས་ཚད་ཇེ་ལེགས་ལ་གཏོང་ཐུབ། བོད་ཡིག་ནི་བོད་ཁུལ་ནས་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ཆེས་ཆེ་བ་དེ་ཡིན་པས།  ཆ་འཕྲིན་ལག་རྩལ་ནི་ལས་རིགས་ཀུན་ལ་སྤྱོད་སྒོ་ཆེ། ལྷག་པར་དུ་ཆ་འཕྲིན་ལག་རྩལ་གྱིས་བོད་ཡིག་སློབ་ཁྲིད་ལ་ནུས་པ་ཚད་མེད་ཐོན་བཞིན་འདུག་པ་ནི་ཉི་ཤར་སྦར་མོས་མི་ཁེབས་པའི་ཚད་ཡིན། སྒྲ་གཟུགས་ཕུན་སུམ་ཚོགས་པོ་ཡོད་ན་སློབ་མའི་བོད་ཡིག་སློབ་འདུན་ཇེ་དྲག་ཏུ་གཏོང་ཞིང་། སློབ་མའི་བསམ་གཞིགས་ནུས་པའང་ཇེ་མཐོར་གཏོང་ཐུབ། སྔོན་དུས་སུ་དགེ་རྒན་ལ་འབྲི་བྱེད་ཀྱི་ས་སྨྱུག་གཅིག་དང་སློབ་ཁྲིད་ནང་དོན་བཤད་བྱེད་ཀྱི་ཁ། དེ་ལས་ལྷག་ན་ནག་པང་ཆུང་བ་ཞིག་དང་པར་རིས་འགའ་ལས་ཡོད་མ་རེད། དེང་དུས་སློབ་ཁྲིད་ཁྲིད་ཆས་བཟོས་ན། སྐད་དང་སྒྲ། ཡི་གེ་དང་པར་རིས། བརྙན་ཟློས་དང་འགུལ་རིས་སོགས་སློབ་ཁྲིད་ཐབས་ཤེས་སྣ་མང་བཀོལ་རྒྱུ་ཡོད། སློབ་ཕྲན་དང་pptཁྲིད་ཆས་ལས་སློབ་མར་སློབ་ཁྲིད་སྐབས་སུ་རྩོམ་པ་པོ་དང་ས་ཆ་ག་གེ་མོ་འདི་རེད་ཅེས་པར་རིས་གསོན་ཉམས་ལྡན་པ་དག་ལམ་སང་མིག་ལམ་དུ་བསྟན་ཐུབ། དེ་ལྟར་བགྱིས་ན་གནས་དུས་གཉིས་ཀྱིས་ཚོད་བཀག་མེད་པར་སློབ་མ་དག་དཀར་ཆ་དོད་པའི་སློབ་ཁང་དུ་བསྡད་ཡོད་ནའང་། ལེ་དབར་ཁྲི་འབུམ་དང་། བགྲང་བྱ་སྟོང་ཚོས་ཆོད་པའི་བྱ་དངོས་དག་ལ་རྒྱུས་ལེན་དང་ཤེས་རྟོགས་བྱེད་ཐུབ་ཅིང་། ཐ་ན་བརྙན་ལམ་ནས་རང་ཉིད་དངོས་སུ་ཡུལ་དུས་དེ་འདྲ་ཞིག་ལ་ཐོན་པ་ལྟ་བུའི་ཚོར་སྣང་སྟེར་ཐུབ།    བྱིས་པ་བློ་རིག་རྣོ་བ་དག་གིས་དེ་ལྟ་བུའི་pptཁྲིད་ཆས་ཐེངས་གཅིག་ཁྲིད་ན་རྗེས་སུ་རྩོམ་པ་པོའི་སྐུ་པར་མཐོང་ན་མི་ངོ་ཤེས་འཕྲད་པ་ལྟར་ངོས་ཟིན་གྱིན་ཡོད།  ད་དུང་སློབ་ཚན་ལས་ཕོ་བྲང་པོ་ཏ་ལའམ་དཔལ་ས་སྐྱ་གཙུག་ལག་ཁང་ལྟ་བུའི་ས་ཆ་ག་གེ་མོ་ངོ་སྤྲོད་བྱེད་པའི་གློག་བརྙན་ཐེངས་གཅིག་བསྟན་ནས་སློབ་ཁྲིད་ངོ་སྤྲོད་མཛད་ན་སློབ་ཚན་འདི་ཡང་དག་པར་ཤེས་པའི་རྨང་གཞི་ལེགས་པོ་ཞིག་འདིང་ཐུབ།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

         དེང་དུས་མེ་ཏོག་པདྨ་ཞེས་པའི་རྩི་ཤིང་སྐྱེ་དངོས་འདི་ཉིད་འབྲི་འགྲེལ་བྱས་ན། ཤིང་པདྨ་དང་ཆུ་སྐྱེས་པདྨ། གངས་རྒྱན་པདྨའི་པར་རིས་དྲྭ་ཚིགས་ལས་ཕབ་ལེན་བྱས་ནས་སློབ་མར་སློབ་ཁྲིད་བྱེད་པའི་སྐབས་སུ་པར་རིས་རེ་རེ་བཞིན་ཤར་དུ་བཅུག་ནས་ངོ་སྤྲོད་བྱས་ན་སློབ་མས་ཡུལ་དངོས་ནས་མེ་ཏོག་དག་གི་དྲི་ཞིམ་པ་དང་། རེག་བྱ་འཇམ་པ། ཁ་དོག་མཛེས་པ་དག་མིག་མཐོང་ལག་ཟིན་ཡོད་པ་ཇི་བཞིན་གྱི་ནུས་པ་ཐོན་ཡོད། དེ་མིན་ཆུ་སྐྱེས་པདྨ་ཆུ་ཁར་སྐྱེས་ཡོད། མེ་ཏོག་མཛེས་པོ་ཞིག་རེད། གངས་རྒྱན་པདྨ་གངས་རིའི་ངོས་སུ་སྐྱེས་ཡོད། སྐྱེ་སྟོབས་ཆེས་ཆེ་བའི་མེ་ཏོག་ཞིག་རེད་ཅེས་བཤད་ན་རྣ་བས་གོ་བ་ཙམ་ལས་མེ་ཏོག་གང་འདྲ་ཞིག་ཡོད་པ་གསལ་པོ་ཤེས་ཀྱི་མ་རེད། ད་དུང་འགུལ་རིས་སོགས་བཀོལ་ནས་མེ་ཏོག་དེ་དག་ཁ་འབྱེད་པའམ་རླུང་གི་སྐྱོད་པའི་རྣམ་པ་བཟོས་ན་དེ་ལས་བཟང་བར་སེམས།     དེ་བས་སློབ་ཁྲིད་ལེགས་འགྲུབ་བྱུང་བར་བོད་ཡིག་དགེ་རྒན་གྱིས་pptཁྲིད་ཆས་མ་ཤེས་ཐབས་མེད་ཡིན་པའི་ལག་རྩལ་ཞིག་དང་། flash དང་སློབ་ཕྲན་ppt ཁྲིད་ཆས་ལེགས་པོ་ཞིག་བཟོ་ཤེས་པ་དང་གློག་རྡུལ་དཀར་པང་བཀོལ་ཤེས་པར་བྱེད་རྒྱུ་ནི་དུས་རབས་འདིས་བོད་ཡིག་དགེ་རྒན་ལ་སྟེར་བའི་འོས་འགན་རེད།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

         རྩིས་འཁོར་ནི་ཤེས་བྱ་སྣ་མང་འདུས་པའི་མཛོད་དང་དྲྭ་རྒྱ་ནི་མ་ཤེས་ལམ་སྟོན་མཛད་པའི་དགེ་རྒན་ལེགས་ཤོས་དེ་རེད། དེས་བོད་ཡིག་དགེ་རྒན་ཞིག་ཡིན་ན་pptཁྲིད་ཆས་བཟོ་ཤེས་པ་དང་གློག་རྡུལ་དཀར་པང་དང་སློབ་ཕྲན་བཀོལ་སྤྱོད་བྱེད་ཤེས་པར་བྱ་རྒྱུ་ནི་དགོས་ངེས་ཀྱི་རང་བཞིན་དང་བོད་ཡིག་དྲྭ་རྒྱ་སྤེལ་བ་དང་བོད་ཡིག་དྲྭ་རྒྱ་སོ་སོར་འགྲིམས་ཤེས་པ་མ་ཟད་རང་ཉིད་ཀྱིས་ཀྱང་དྲྭ་རྒྱ་རུ་བོད་ཡིག་ཟིན་བྲིས་སོགས་ཐབས་བརྒྱ་ཇུས་སྟོང་གིས་ལེགས་པོར་བཟོ་ཤེས་པར་བྱ་རྒྱུ་དང་། མ་སློབ་ཐབས་མེད་ཡིན་པའི་དགེ་རྒན་གྱི་ལས་རིགས་ལག་རྩལ་ཞིག་ཀྱང་ཡིན།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

         pptཁྲིད་ཆས་དང་གློག་རྡུལ་དཀར་པང་། སློབ་ཕྲན་ནི་སློབ་ཁྲིད་ལ་ཞབས་འདེགས་ཞུ་བའི་ཡོ་བྱད་ཅིག་དང་། ང་ཚོས་ཁྲིད་ཆས་བཟོས་རྗེས་ཁྲིད་ཆས་ཀྱིས་སློབ་ཁྲིད་ལ་ཕུལ་བའི་སྒྱུ་རྩལ་གྱི་ནུས་པ་ཤེས་དགོས། ཕུལ་དུ་བྱུང་བའི་ཁྲིད་ཆས་ལེགས་པོ་ཞིག་ཡོད་ན་སློབ་ཐུན་འདི་བཟང་གྲུབ་ཡོང་བའི་མཐུན་རྐྱེན་བཟང་པོ་ཞིག་འཛོམས་ཟིན་པ་རེད། དེ་བས་བོད་ཡིག་སློབ་ཁྲིད་འདི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱེད་རྒྱུ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

         ཁྲིད་ཆས་ཀྱིས་སློབ་མར་ཡི་གེ་སློབ་འདོད་དང་། བསམ་གཞིགས་ཀྱི་ནུས་པ་ཇེ་ཟབ་ཏུ་གཏོང་བར་ཕན་པ་རྒྱ་ཆེན་པོ་ཡོད། ཁྲིད་ཆས་ལེགས་པོ་ཞིག་ཤེས་པར་བྱས་ནས་དགེ་རྒན་གྱི་མི་འདང་ས་ཁ་ཚང་བར་བྱེད་ནས་སློབ་ཁྲིད་བྱེད་ཐབས་དང་། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཅིའི་ཕྱིར་ཞེ་ན། དགེ་རྒན་གྱི་ནུས་པ་ངོ་མ་ནི་དགེ་རྒན་གྱི་ཁོག་ལ་ཡོད་པའི་ཡོན་ཚད་དང་ཁ་ཡིས་འགྲེལ་བརྗོད་མཁས་མིན་ཙམ་གཏན་ནས་མིན་ནོ། །གལ་ཆེ་བ་ནི་སློབ་མ་དག་སློབ་སྦྱོང་ལ་ཁ་ཕྱོགས་ནས་སློབ་སྦྱོང་གི་མོས་པ་སྐྱེད་བསྲིང་བྱེད་པ་དང་། རིག་པའི་གནས་ལ་དགའ་བ་འབུམ་དང་སྤྲོ་བ་སྟོང་གིས་སྒོ་ནས་ཞུགས་ཐུབ་པ་བྱ་རྒྱུ་དེ་ཡིན།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

         ཤོ་ལོ་ཀ་དང་སྙན་ཚིག་ཁག་གཅིག་ནག་པང་ངོས་སུ་འབྲི་དགོས་ན་དུས་ཚོད་ངེས་ཅན་ཞིག་སྤྱོད་དགོས། དགེ་རྒན་གྱིས་སློབ་ཐུན་རེའི་སྐར་མ་ཞེ་ལྔ་ལས་ཁག་ཅིག་སྒོ་སམ་ངོས་སུ་ཡི་གེ་འབྲི་བ་ལ་སྤྱད་ན་འཆད་ཁྲིད་དངོས་ཀྱི་དུས་ཚོད་འདང་པོ་མེད་ཁོ་ཐག་རེད། གཞན་ད་དུང་སློབ་ཚན་དང་འབྲེལ་བའི་ཤེས་བྱའི་རྒྱབ་ལྗོངས་སོགས་བཤད་པ་ཙམ་གྱིས་གོ་བ་ལོན་དཀའ་བས་སློབ་མ་མང་ཆེ་བས་སློབ་ཚན་ལ་གོ་བ་རགས་པ་ཙམ་ལས་ཆགས་ཐུབ་ཀྱིན་མེད། གལ་སྲིད་གློག་རྡུལ་དཀར་པང་དང་སློབ་ཕྲན། pptཁྲིད་ཆས་བཀོལ་སྤྱོད་བྱས་ན་གོང་གི་གནད་དོན་དེ་དག་ཉི་ཤར་བ་མོ་ཇི་བཞིན་ཡོང་ངེས་ཡིན། དེ་བས་དགེ་རྒན་གྱིས་གཞན་གྱི་ཁྲིད་ཆས་ཡག་ཤོས་ལ་སློབ་སྦྱོང་དང་རང་གི་ཤེས་ཚད་ཟུང་དུ་སྦྲེལ་ནས་སློབ་ཁྲིད་སྔོན་ལ་ཁྲིད་ཆས་གྲ་སྒྲིག་བྱེད་དགོས། རྒྱུན་པར་སློབ་ཁྲིད་སྐབས་སུ་ཐབས་ཤེས་བཟང་པོ་འགའ་བཀོལ་ན་ལེགས་པར་སེམས། འདི་ལྟར་བགྱིས་པ་ལ་ཕན་ཐོགས་ཆེ་གྲལ་ག་ཚོད་ཙམ་ཞིག་ཡོད་ཅེ་ན། རང་བློས་དཔོག་ཚོད་ཙམ་ཞིག་བཤད་ན། ༡༽སློབ་ཁྲིད་ཇེ་ལེགས་སུ་གཏོང་བ། ༢༽དུས་ཚོད་དམ་འཛིན་ལེགས་པོ་བྱེད་ཐུབ་པ། ༣༽སློབ་མས་ཤེས་སླ་བའི་ཐབས་ཤེས་བཀོལ་བ། ༤༽ཧ་ཅང་མགྱོགས་པོས་དོན་གོ་བའི་ཐབས་ལམ་འཚོལ་བ། ༥༽སློབ་འབྲས་ཇེ་མཐོར་གཏོང་བ་སོགས་དགེ་མཚན་མང་པོ་ཡོད ། །LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

         རྩིས་འཁོར་གྱི་ཡོན་ཏན་ནི་བརྗོད་ལས་འདས་ཤིང་རང་གི་སེམས་ནས་བསམ་ཐུབ་ན་དེ་བཞིན་བཀོལ་བའི་ནུས་པ་གང་མང་ཡོད་པས་སློབ་ཁྲིད་སྐབས་སུ་སློབ་ཁྲིད་ཁྲིད་ཆས་འདྲ་མིན་ལ་བརྟག་དཔྱད་དང་ཞིབ་འཇུག་ལེགས་པོ་བྱས་ནས་རྩིས་འཁོར་གྱི་རྨང་གཞི་ཁོང་དུ་ཆུད་པར་བྱ་རྒྱུ་ནི་དེང་རབས་བོད་ཡིག་དགེ་རྒན་ཞིག་ལ་ཚང་དགོས་པའི་ཤེས་བྱའི་འཇོན་ཐང་གི་ནུས་པ་ཞིག་ཡིན་པ་སྨོས་མེད་རེད།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
玉树市第二民族中学藏文教研组LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

才登旺毛LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

个人简介LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

才登旺毛、1990生、女、藏族、系玉树杂多县人,玉树市第二民族中学教师,在教学教研工作。联系电话:15597333588   15309767717  这编论文目前杂志上没有登载过,写这编论文的目的是为了藏语文教学进入信息化,ppt 开始,在藏语文教育教学中使用课件,希沃白板,鸿合白板,微课等信息化教学。面向教育教学信息化落后的基层,面向刚刚起步电脑上藏文打字的老师们。更是鼓励藏语文老师们,努力再努力,藏语文教学上更上一层楼而编写。此论文中如有不足之处,请在百忙中给予纠正为谢。LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རང་གི་ངོ་སྤྲོད་མདོར་བསྡུས།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

ཚེ་ཏན་དབང་མོ། མོ།  ༡༩༩༠ ལོར་རྫ་སྟོད་ནས་སྐྱེས། ཁོ་མོ་འགྲོ་ཤེས་པ་ནས་དཔེ་ཁུག་རྒྱབ་ལ་ཁུར་བར་དགའ་ཞིང་། ཁ་གྲགས་ཤེས་པ་ནས་ཀ་ཁའི་དབྱངས་རྟ་ངག་སྒོར་གྱེར་བར་དགའ། ཁོ་མོ་བགྲང་བྱ་བཞི་ལོན་པ་དང་མཉམ་དུ་ཁོ་མོའི་རེ་བ་ལྟར་ཡུལ་ཤུལ་ཁུལ་ཆ་ཚང་སློབ་ཆུངགསུམ་པར་ཞུགས་ནས་ལོ་དྲུག་གི་རིང་ཚད་ལྡན་གྱི་དགེ་རྒན་བཟངཔོ་ལ་བསྟེན་ནས་སློབ་གཉེར་བྱས། ༢༠༠༠ ལོ་སློབ་ཆུང་ནས་སློབ་འབྲས་གཡུལ་དུ་ཟབ་འཐོབ་ནས་མཐར་ཕྱིན་པ་དང་ཡུལ་ཤུལ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དམའ་འབྲིང་དང་མཐོ་འབྲིང་ལ་རིམ་བཞིན་ཞུཊ་ཏེ་རྒྱ་བོད་དབྱིན་གསུམ་གྱི་རིག་གནས་ཁག་ལ་རང་གི་ནུས་ཚོད་ཀྱིས་སྦྱངས་བརྩོན་བྱས། དེ་ནས་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ལེགས་པོ་ཐོབ་ནས་་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་སྦྱོང་ལོ་བཞིར་བྱས་ནས་སློབ་མཐར་ཕྱིན།  རིམ་བཞིན་ཡུལ་ཤུལ་གྲོང་ཁྱེར་རོང་བོ་སློབ་ཆུང་དང་ཡུལ་ཤུལ་གྲོང་ཁྱེར་མི་རིགས་སློབ་འབྲིང་གཉིས་པ་ནས་དགེ་རྒན་གྱི་བྱ་བར་གཉེར། ཁོ་མོ་ཆུང་དུས་ནས་རིག་གནས་ལ་སྦྱོང་དགའ་བ་མ་ཟད་ལྷག་པར་དུ་བོད་མི་རིགས་ཀྱི་རིག་གནས་ལ་དེ་བས་སློབ་པར་དགའ།  ཁོ་མོས་རྒྱུན་པར་རྒྱ་ཡིག་དང་བོད་ཡིག་གི་རྩོམ་ཡིག་འབྲི་བར་དགའ་བ་དང་བོད་ཁུལ་དང་ཡུལ་ཤུལ་ཁུལ་སོགས་ནས་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པ་དང་རྩོམ་འབྲས་མི་དམན་པ་ཐོབ་ཡོད།LYu康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : མི་གསལ*
མཉམ་སྤྱོད །     
    匿名评论
  • 评论
人参与,条评论