སློབ་འབྲིང་སློབ་མ་རྣམས་རྩོམ་འབྲི་ལ་འཇུག་ན་ཀློག་དང་ཞིབ་འབྲི་གཉིས་གལ་ཆེ་ཚུལ་གླེང་བ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

སློབ་འབྲིང་སློབ་མ་རྣམས་རྩོམ་འབྲི་ལ་འཇུག་ན་ཀློག་དང་ཞིབ་འབྲི་གཉིས་གལ་ཆེ་ཚུལ་གླེང་བ།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ། : དབྱངས་འབུམ་ཚེ་རིང་།  ཀློག་གྲངས །: སྤེལ་དུས། : 2024-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།
     དེ་ཡང་སྐད་དང་ཡི་གེ་སྦྱོང་མཁན་ཞིག་ལ་མཚོན་ན་འབྲི་ཀློག་ཉན་བཤད་ཀྱི་ནུས་པ་ངེས་པར་གལ་ཆེན་དུ་འཛིན་དགོས་ལ། དེ་བཞི་ལས་དང་པོ་འབྲི་ནི་ཡི་གེའི་གཟུགས་དག་སྙོམས་མཛེས་གསུམ་ལ་གོ་དགོས་པར་མ་ཟད། བརྗོད་བྱ་དང་རྗོད་བྱེད་ཕུན་སུམ་ཚོགས་པའི་རྩོམ་ཡིག་འབྲི་སྦྱོང་ལའང་གོ་དགོས། སྔ་རབས་བོད་ཀྱི་སློབ་གསོའི་ལྟ་བ་ལས་ཀྱང་རྩོམ་འབྲི་ནི་སློབ་སྦྱོང་གི་གལ་གནད་ཅིག་ཏུ་ངོས་འཛིན་བྱས་ཡོད་དེ། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཞེས་དང་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ཞེས་ས་སྟེང་རིན་པོ་ཆེ་གསུམ་གྱི་ཡ་གྱལ་དུའང་འཇོག་པ། རྩོད་ལ་མཁས་ཀྱང་རྩོམ་ཚུལ་མ་ཤེས་ན་མཁས་པའི་སྙན་པ་རང་དང་མཉམ་དུ་འཆི་ཞེས་ཕྱོགས་མི་འདྲ་བ་ནས་རྩོམ་འབྲི་ནི་ཤིན་ཏུ་གལ་ཆེ་ཚུལ་མང་དུ་གླེང་ཡོད་ལ། དེ་ལྟར་ལག་ལེན་དུའང་བསྟར་ཡོད། དེ་བཞིན་ད་ལྟའི་ཆར་ཡང་སྐད་ཡིག་སློབ་སྦྱོང་གི་ཆེས་ཆེ་བའི་རིན་ཐང་ཞིག་ནི་བཀོལ་སྤྱོད་ཀྱི་རིན་ཐང་ཡིན་ལ། བཀོལ་སྤྱོད་ནི་དཔེ་ཀློག་དང་འཕྲིན་ཡིག་འབྲི་བ། རང་གི་མྱོང་བ་དང་ལྟ་ཚུལ་སོགས་ཡི་གེར་འགོད་པ། རྒྱུགས་ཆེ་ཆུང་ལ་ཞུགས་པ་སོགས་བྱེ་བྲག་གི་བྱ་བའི་སྟེང་མངོན་ཡོད་པ་སྟེ། དཔེར་ན་ཉེ་བའི་ལོ་འདི་དག་གི་མཐོ་རྒྱུགས་ལ་མཚོན་ན་བོད་སྐད་ཡིག་རྒྱུགས་ཤོག་གི་སྐར་མའི་ཕྱེད་ཀ་རྩོམ་འབྲི་ཡིས་ཟིན་འདུག་པ་ལྟ་བུ་རེད། དེས་ན་སློབ་འབྲིང་སློབ་མ་ཞིག་གིས་རྩོམ་འབྲིའི་གལ་ཆེན་རང་བཞིན་བློ་ལ་གསལ་པོར་ངེས་ནས་ཚུལ་དེ་ལ་ཇི་ལྟར་འཇུག་པའི་སྐོར་མདོར་བསྡུས་ཀྱིས་གླེང་བར་བྱའོ། །lre康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
གཅིག ལེགས་རྩོམ་མང་དུ་ཀློག་པ།lre康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
       དེ་ཡང་ཇི་སྐད་དུ“བསྟན་བཅོས་ཁྲི་ཕྲག་བཀླགས་གྱུར་ན། །སྨྱུག་རྩེ་ལྷ་ཡིས་བསྒྱུར་དང་མཚུངས། །”ཞེས་གསུངས་པ་ལྟར། སློབ་མ་རྣམས་རྩོམ་འབྲི་ལ་འཇུག་ན་ལེགས་རྩོམ་མང་པོ་མ་བཀླགས་ཐབས་མེད་ཡིན་ཏེ། ཀློག་པ་དང་འབྲི་བའི་བར་ལ་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རེད། ཨ་ཀྱཱ་ཡོངས་འཛིན་ཚང་གི«སྙན་གཞུང་གི་སྡོམ་ཚིག་རབ་གསལ་མེ་ལོང»ལས་ཀྱང“སྐྱེས་ཐོབ་ཤེས་རབ་མང་ཐོས་དང་། །མངོན་པར་སྦྱོར་བ་མི་དམན་པ། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །”ཞེས་པ་ལྟར་ལྷན་སྐྱེས་ཀྱི་ཤེས་རབ་ཆེ་ཆུང་གི་ཁྱད་ནི་ཡོད་སྲིད་ཀྱང་། མང་དུ་ཐོས་པ་སྟེ་དགེ་རྒན་བསྟེན་ཅིང་དཔེ་ཀློག་བྱས་ཏེ་སློབ་སྦྱོང་བྱས་ན་རྩོམ་པ་ལ་མཁས་པར་འགྱུར་བ་ནི་ཆོས་བདག་མེད་ལ་སྙིང་རུས་གང་ཆེའི་དཔེ་དང་མཚུངས། དེས་ན་སློབ་མ་རྣམས་ཀྱིས་ལེགས་རྩོམ་མང་པོ་བཀླག་རྒྱུ་དེ་ཤིན་ཏུ་གལ་ཆེ་སྟེ། དགེ་རྒན་གྱིས་མྱོང་རོལ་སྣེ་ཁྲིད་དང་གདམ་གསེས་ཡང་དག་བྱས་ཏེ་སློབ་མ་རྣམས་ལ་ལེགས་རྩོམ་འོས་སྦྱོར་བྱེད་པ་དང་། ལེགས་རྩོམ་དེ་དག་ཀྱང་སློབ་མའི་བློ་ཁ་དང་མཐུན་ལ། མང་ཉུང་རྒྱས་བསྡུས་རན་པ་ཞིག་བྱེད་རྒྱུ་ཤིན་ཏུ་གལ་ཆེ། དེ་ལྟ་མིན་ན་སློབ་མའི་དཔེ་ཀློག་གི་སྤྲོ་སྣང་བསྐྱེད་མི་ནུས་ལ། རྩོམ་ལ་འཇུག་པའི་ཁ་ཕྱོགས་དང་ཐབས་ཤེས་ཀྱང་རྙེད་མི་འགྱུར། ད་ལྟ་ང་ཚོའི་སློབ་མ་རྣམས་ལ་བོད་ཡིག་གི་བསླབ་ཕྱིའི་དཔེ་དེབ་འགའ་རེ་བསྒྲིགས་ཡོད་མོད། རེ་འགའ་ནི་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་སློབ་འབྲིང་སློབ་མའི་བློ་ཁ་དང་བསྟུན་མེད་པ་དང་། ཡང་འགའ་རེ་ནི་ཤོག་ངོས་མང་ལ་མཐུག་དྲག་པས། སློབ་མའི་ཀློག་འདོད་ཀྱི་འདུན་པ་ཉམས་པར་བྱེད། དེས་ན་སྲབ་ལ་ཡང་བ། ཉུང་ལ་གོ་སླ་བའི་སྐོར་ཀློག་ཏུ་འཇུག་པའམ། ཡང་ན་རྩོམ་ཡིག་གཅིག་རེ་གཅིག་རེ་བྱས་ནས་བསྐྱར་དཔར་བྱས་ཏེ་སློབ་མར་ཀློག་ཏུ་འཇུག་རྒྱུ་ནི་ཐབས་ཤེས་ཤིག་རེད་སྙམ། བཀླག་བྱའི་བརྩམས་ཆོས་ཀྱང་གནའ་དེང་གཉིས་དང་རྩོམ་ལུས་རྩོམ་སྟངས་སྣ་མང་ཀློག་རྒྱུ་གལ་ཆེ་སྟེ། དེ་དག་ལས་ཀྱང་ལྷུག་རྩོམ་ཁ་གསལ་གོ་བདེའི་རིགས་དང་གླིང་སྒྲུང་། དམངས་གླུ་སོགས་གོ་བདེ་ལ་མི་རིགས་གང་དེའི་སྐད་ཆའི་ཁྱད་ཆོས་འཛོམས་པའི་སྐོར་བཀླག་རྒྱུ་ཤིན་ཏུ་གལ་ཆེ། ལེགས་རྩོམ་ཀློག་པའི་སྐབས་ལ་ཚིག་བཟང་པོ་དང་དོན་བཟང་པོར་འཕྲད་སྐབས་དེ་མ་ཐག་ཟིན་བྲིས་སུ་འགོད་པ་དང་ཐ་སྙད་གལ་ཆེན་ཟུར་དུ་བགར་ནས་དོན་གོ་བར་བྱས་ཏེ་ཡིད་ལ་འཛིན་ཅིང་བཀོལ་སྤྱོད་བྱས་ནས་ཐ་སྙད་མང་པོ་གསོག་འཇོག་བྱེད་དགོས་ལ། ལེགས་རྩོམ་དེ་དག་ཚར་མང་དུ་ཀློག་པའི་ཞོར་ལ་དེ་དག་ལ་ལད་མོ་བྱས་ཏེ་རྩོམ་ལ་འཇུག་རྒྱུའང་གལ་ཆེ་སྟེ། སྲིད་པའི་གཏམ་ལ་ཡང“འཇིག་རྟེན་བྱ་བ་ལད་མོ་ཡིན། ལད་མོའི་ནང་གི་གང་མཁས་ཡིན”ཞེས་པ་ལྟར། ལེགས་རྩོམ་གྱི་ནང་གི་ཚིག་དང་ཐ་སྙད་རེ་འགའ་བརྗེ་སྒྱུར་བྱས་ཏེ་རང་རྩོམ་དུ་བསྒྱུར་བའམ། ཡང་ན་ཚིག་དོན་ཡག་པོ་རང་རྩོམ་གྱི་ནང་དུ་འདྲེན་པ། ཡང་ན་རྩོམ་གྱི་སྒྲིག་གཞི་དང་བརྗོད་བྱ་འདེམས་སྟངས། སྤྱི་ཁོག་འབེབ་སྟངས་ལ་ལད་མོ་བྱེད་པ་སོགས་ལད་མོ་བྱེད་སྟངས་མང་དུ་སྣང་ངོ་། །lre康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
གཉིས། འཕྱོར་འབྲིའམ་ཞིབ་འབྲི་ལ་སྦྱོང་བ།lre康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
       དེ་ལྟར་ལེགས་རྩོམ་མང་དུ་བཀླགས་ཏེ་ལད་འབྲི་སོགས་ནས་རྩོམ་འབྲིའི་ལམ་ལ་ཞུགས་ཤིང་། ཚིག་སྦྱོར་སྤེལ་བར་ནུས་ལ་རང་གི་སྐད་ཆ་ཐན་ཐུན་ཡིག་ངོར་འགོད་ཐུབ་པར་གྱུར་རྗེས་བྱ་བ་དང་དངོས་པོ་ཞིབ་འབྲི་བྱེད་པར་འབད་དགོས་ཏེ། སྔོན་ཆད་རྩོམ་མཁན་ཞིག་ལ་གཞན་གྱིས་རྩོམ་ཡིག་ཇི་ལྟར་འབྲི་བའི་གདམས་ངག་ཞུས་པར་སྲང་མདོ་ཞིག་ནས་ཤིང་རྟ་འཁོར་ལོ་ཡར་འགྲོ་མར་འགྲོ་ཡི་རྣམ་པ་ཐེངས་བཅུ་གསུམ་ལ་འབྲི་རུ་བཅུག་པ་ལྟ་བུ་དང་། ཡང་ཨུ་རུ་སུའི་རྩོམ་མཁན་ལེ་ཧྥུ་ཐོར་སུ་ཐེ་ཡི་བརྩམས་སྒྲུང་གྲགས་ཅན་ཞིག་ཏུ་ཤོག་ངོས་བཅུ་གསུམ་ལྷག་ལོངས་པའི་ཡིག་གྲངས་ཀྱིས་ཅོག་ཙེ་ཞིག་ཞིབ་འབྲི་བྱས་པ་ལྟ་བུ། དེ་མ་ཡིན་པར་རང་རེའི་བོད་ཀྱི་རྣམ་ཐར་རྩོམ་རིག་ལས་ཤིན་ཏུ་གྲགས་ཆེ་བ་གཙང་སྨྱོན་ཧེ་རུ་ཀའི«མི་ལ་རས་པའི་རྣམ་ཐར»ལྟ་བུ་ཡང་གཙོ་བོ་ནི་མི་སྣའི་སྣང་བརྙན་ཞིབ་འབྲི་ཡིས་མི་སེམས་བཀུག་པར་བཞེད། དེ་བས་ན་སློབ་མ་རྣམས་རྩོམ་ལ་འཇུག་སྐབས་བྱ་བ་དང་དངོས་པོ་གང་བྲིས་ཀྱང་ཞིབ་ལྟ་དང་ཞིབ་ཉན་སོགས་བགྱིས་ཏེ་ཞིབ་ཚགས་ལྡན་པའི་ངང་འབྲི་རྒྱུ་ཤིན་ཏུ་གལ་ཆེ་ལ། བྱ་དངོས་ཀྱི་ཐུན་མིན་ཁྱད་ཆོས་ཟིན་པ་དང་དེ་ཞིབ་ཏུ་འབྲི་བར་འབད་དགོས། དཔེར་ན་རང་རེའི་སྙན་གཞུང་དུའང་ཐུན་མོང་གི་རྒྱན་གྱི་དང་པོར་རང་བཞིན་བརྗོད་པའི་རྒྱན་འཁོད་འདུག་ལ། རྒྱན་དེ་ནི་རྒྱན་ཕྱི་མ་དག་གི་རྩ་བའི་རྒྱན་དུའང་བཞེད་དེ། “རྗོད་བྱེད་ཀྱི་ངག་མ་འཁྱོགས་ཤིང་དྲང་བོའི་སྒོ་ནས། བརྗོད་བྱ་གང་ཡིན་པ་དེའི་རང་བཞིན་རྣལ་མར་སྟོན་པ་འདི་འདྲ་བའི་རྒྱན་ནི་སྙན་ངག་གི་བསྟན་བཅོས་ཀུན་ལ་ཁྱབ་པ་དང་། བདེན་པའི་ངག་ཚིག་གི་གཞིར་གྱུར་པ་ཡིན་པས་ཆེས་ཆེར་ཤ་ཐང་དུ་འབད་དགོས་པའི་སྙན་ཚིག་དམ་པ་ཞིག་ཡིན”པར་གསུངས་པ་ལྟར། རང་བཞིན་བརྗོད་པའི་རྒྱན་ནི་གལ་ཆེར་འཛིན་པ་ཤེས་ཐུབ་ལ། རང་བཞིན་བརྗོད་པའི་རྒྱན་ནི་དོན་ལ་བྱ་དངོས་ཤིག་གི་ཐུན་མིན་གྱི་རིགས་དང་། བྱ་བ། ཡོན་ཏན། རྫས་སོགས་དམིགས་སུ་བཟུང་ནས་རང་བཞིན་དྲང་བོར་བརྗོད་པ་ཞིག་ལ་བྱ་སྟེ། དོན་ལ་བྱ་དངོས་ཇི་ལྟར་ཞིབ་འབྲི་བྱེད་པའི་རྩ་བའི་འབྲི་ཐབས་ཤིག་རེད། དེ་བས་ན་སློབ་གྲོགས་རྣམས་ཀྱིས་དངོས་པོ་ཆུང་ངུ་དང་དོན་བྱ་ཕྲན་ཚེགས་དུ་མ་ཇི་ལྟར་རྒྱས་པར་ཞིབ་འབྲི་བྱེད་པར་སློབ་སྦྱོང་བྱེད་དགོས་ཏེ། བྱ་དངོས་གང་དེའི་ཐུན་མིན་གྱི་ཁྱད་ཆོས་འཛིན་ཐུབ་པ་དང་མིག་ལམ་ལ་གཟུགས་ཅན་བཞིན་དུ་སྣང་བར་བྱེད་པ་ཞིག་ལས། སྤྱི་མཚན་ཙམ་དང་རགས་བསྡུས་ཀྱིས་འབྲི་བ་སྟེ། བླ་མའི་སྐུ་བསྟོད་དུ་མཁྱེན་བརྩེ་ནུས་གསུམ་དང་ལྟ་སྒོམ་སྤྱོད་གསུམ། མཁས་བཙུན་བཟང་གསུམ་འཛོམས་པ་ཞེས་སྤྱི་འགྲོས་ཅན་གྱིས་བྲིས་ན་བླ་མ་སྤྱི་ལ་ཁྱབ་པའི་ཁྱད་ཆོས་ཙམ་ལས་དེས་ཀློག་མཁན་ལ་བསྟོད་ཡུལ་གང་དེ་མི་སྣ་ཅི་འདྲ་ཞིག་ཡིན་པའི་བག་ཆགས་ཟབ་མོ་དང་སྣང་བརྙན་དམིགས་བསལ་བ་གང་ཡང་འཇོག་མི་ནུས་ལ། ཡིད་སེམས་སྒུལ་བྱེད་ཀྱི་ཚོར་བ་བདེ་སྡུག་ཀྱང་ཅི་ཡང་བསྐྱེད་པར་མི་ནུས།lre康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
གསུམ། མཇུག་བསྡུ།lre康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
       སློབ་མ་རྣམས་ཀྱི་རྩོམ་འབྲིའི་འཇོན་ནུས་ཡར་སྐྱེད་ཅུང་ཟད་བྱུང་ཚེ། ད་ནི་རྒྱུན་འཁྱོངས་བྱ་དགོས་པའི་གནད་ཅིག་ཡོད་པ་ནི་མང་དུ་འབྲི་རྒྱུ་དེ་རེད། ཚིག་ལྷུག་གཙོས་རྩོམ་ལུས་དུ་མ་ཚོད་ལྟའི་ཚུལ་གྱིས་མང་དུ་བྲིས་ན། དེའང་གཙོ་བོ་ཅི་ཞིག་འབྲི་བའི་དཀའ་ཁག་དང་འཕྲད་ཀྱི་ཡོད་པས། ཐོག་མར་ཉིན་ཐོ་འབྲི་བ་ནི་དཀའ་ཁག་དེ་ཉིད་སེལ་བའི་ཐབས་དམ་པ་ཡིན། ནམ་རྒྱུན་སློབ་མ་རྣམས་ལ་གཟའ་ཐོ་དང་ལོ་རེའི་ཐོ་ཡིག་བསྡུས་པ། ཡང་ན་ཁ་བྱང་དང་བརྗོད་གཞི་གཏན་འཁེལ་མེད་པར་རྩོམ་ཡིག་ཅིག་ཕྲིས་ཞེས་བརྗོད་ཚེ། ཅི་འབྲི་འདི་འབྲི་མེད་པར་ཡུན་རིང་དུ་ལུས་འགྲོ་བ་འདི་ནི། ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་དོན་བྱ་ཕྲན་ཚེགས་ལ་དོ་སྣང་མ་བྱས་པ་དང་རྩོམ་འབྲི་ལ་མ་གོམས་པའི་རྐྱེན་གྱིས་ཡིན་པར་འདོད། དེས་ན་ཉིན་རེར་ཉིན་ཐོ་བསྡུས་པ་རེ་འབྲི་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དེ་ཡིས་ནི་སློབ་མའི་བློ་ཡི་འཆར་སྒོ་ཇེ་ཡངས་སུ་གཏོང་བར་ནུས་ལ། བློ་ཡིས་ཚོར་ན་རྩོམ་གྱི་བརྗོད་གཞི་ནི་ཉི་ཟེར་གྱི་རྡུལ་ལྟར་འཚུབ་ནས་ས་ཡི་རྩི་ཏོག་དང་མཁའ་ཡི་སྐར་ཚོགས་ཀྱི་གྲངས་དང་མཉམ་པར་ཡོད་པ་རྟོགས་ནུས་ལ། དེ་ཡིས་ནི་རྩོམ་འབྲིའི་ནུས་པ་མུ་ནས་མུ་རུ་མཐོ་ནས་མཐོ་རུ་གཏོང་ཐུབ།lre康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
       མདོར་ན་སློབ་མ་རྣམས་རྒྱལ་ཁབ་ཕྱི་ནང་གི་གནའ་དེང་མཁས་པའི་ལེགས་རྩོམ་ལ་མང་དུ་མཇལ་བ་ཡིས་སྣེ་ཁྲིད་དེ་རྩོམ་འབྲིའི་ལས་ལ་ཞུགས་དགོས་པ་དང་། ཞིབ་འབྲི་ཡི་ཐབས་རྩལ་གྱིས་རྩོམ་འབྲིའི་རྨང་གཞིའི་ནུས་རྩལ་སྦྱོང་བརྡར་ལེགས་པོ་བྱེད་པ། དེ་ནས་རྩོམ་ཡིག་འབྲི་སྦྱོང་གི་གོ་རིམ་མ་ནོར་བར་རྩོམ་ལུས་དང་རྩོམ་སྟངས་འདྲ་མིན་ལ་རྟག་གུས་བརྩོན་པ་མ་བཏང་བར་འབད་འབུངས་བྱེད་པ་བཅས་ནི་རྩོམ་འབྲི་ལ་ཇི་ལྟར་འཇུག་པའི་རྩ་བའི་གནད་གསུམ་དུ་མཐོང་ངོ་། །lre康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
lre康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
དཔྱད་གཞིའི་རྒྱུ་ཆ།lre康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
༡ «ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ» M ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011.3 ཤོག་ངོས282lre康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
༢ ཚེ་ཏན་ཞབས་དྲུང་། «སྙན་ངག་སྤྱི་དོན།» M ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005.6 ཤོག་ངོས41
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论