དེང་གཞས།ཕྱི་ལོག་པ །
རྟེན་འབྲེལ་གྱི་ཁ་བཏགས།
གཞས་ཚིག །
རྟེན་འབྲེལ་གྱི་ཁ་བཏགས།
《祝福的哈达》
གཞས་ཚིག ཅོ་ནེ་ཡུམ་ཚེ་རིང་།
གཞས་གདངས། རྫོགས་ཆེན་བསྟན་འཛིན།
གཞས་མཁན། ཤེར་བསྟན།
ཆུ་ཁོག་ཟམ་པས་མི་ཤེས།
བར་སྣང་ཁམས་ཀྱིས་ཆོད་འདྲ།
རྡོ་དང་ཟམ་པའི་བར་ཐག
རྦ་རླབས་གཅིག་གི་མཚམས་རེད།
མཆོད་ཆུ་ལྷ་ལ་འབུལ་རུང་།
བྱིན་རླབས་རང་ལ་འཁོར་བས།
ཆུ་ཡི་སྙིགས་མ་དོར་ནས།
བཞུར་སྒྲའི་དབྱངས་རྟ་སྒྲོག་རོགས།
ཨོ་ཨོ་་
སྨོན་ལམ་བཏབས་བཞག་བསམ་ནས་བརྩེ་བ་སེམས་ལ་བཅངས་ཡོད།
རྟེན་འབྲེལ་ཞུས་བཞག་བསམ་ནས་ཁ་བཏགས་ལག་ཏུ་བཟུང་ཡོད།
མི་ཁོག་མི་ཡི་མི་ལོན།
རི་ཆུ་སྟོང་གིས་ཆོད་འདྲ།
གློ་དང་སྙིང་གི་བར་ཐག།
སྐད་ཆ་གཅིག་གི་མཚམས་རེད།
མེ་ཏོག་ལྷ་ལ་འབུལ་རུང་།
དྲི་བསུང་རང་ལ་འཁོར་བས།
རང་སེམས་གཙང་མ་དཀྲུས་ནས།
ངག་གི་སྒོ་མོ་འབྱེད་རོགས།
ཨོ་ཨ་་་
སྨོན་ལམ་བཏབས་བཞག་བསམ་ནས་བརྩེ་བ་སེམས་ལ་བཅངས་ཡོད།
རྟེན་འབྲེལ་ཞུས་བཞག་བསམ་ནས་ཁ་བཏགས་ལག་ཏུ་བཟུང་ཡོད།
ཀློག་གྲངས་མང་ཤོས།
༄༅།།བོད་ལྗོངས་སློབ་ཆེནVSམཚོ་སྔོན་སློབ་ཆེན།
ཁ་བཏགས་དཀར་པོ།
རོང་ཆེན་གཅན་ཚ།
སེམས་ཀྱི་གཞས་ཆུང་།
ངའི་ལག་གི་ཁ་བཏགས་དཀར་བོ་འདི།
གཞས་ར་ཕྲ་མོ།<སྟོད་ཆ།>


川公网安备 51333802000003号