དེང་གཞས།ཕྱི་ལོག་པ །
ཆ་འགྲིག་ཡག་པ།
ལེན་མཁན ། :ཤེར་བསྟན་དང་དོན་སེང་།
སྤེལ་དུས། : 2024-07-16 ཀློག་གྲངས།:
གཞས་ཚིག །
ཆ་འགྲིག་ཡག་པ།
གཞས་ཚིག བསྟན་འཛིན་སེང་གེ
གཞས་གདངས། མགར་རྡོ་རྗེ་གྲགས་པ།
གཞས་པ། ཤེར་བསྟན་དང་དོན་སེང་།
གངས་ལ་གངས་ཆུ་ཡག་པ།།
གངས་ཆབ་ཟིལ་མ་ཡོད་རེད།།
གངས་དང་གངས་ཆུ་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།།
སྤང་ལ་སྤང་ལྗོངས་མཛེས་པ།།
སྤང་རྒྱན་མེ་ཏོག་ཡོད་རེད།།
སྤང་དང་མེ་ཏོག་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།།
མི་ལ་མི་གཤིས་ཡག་པ།།
མི་རྒྱུད་བྱམས་བརྩེ་ཡོད་རེད།།
མི་དང་བྱམས་བརྩེ་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།།
ལས་ལ་ལས་འཕྲོ་བཟང་བ།།
ལས་སྨོན་རྟེན་འབྲེལ་ཡོད་རེད།།
ལས་དང་སྨོན་ལམ་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།།
གཞས་ལ་གཞས་ཚིག་ཡག་པ།།
བཀྲ་ཤིས་ཁ་གཡང་ཡོད་རེད།།
གཞས་དང་སྨོན་ཚིག་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།།
སྒྲུང་ལ་སྒྲུང་རབས་ཟབ་པ།།
གེ་སར་སྒྲུང་གླུ་ཡོད་རེད།།
སྒྲུང་དང་སྒྲུང་གླུ་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།།
ཨོ་་་ཧོ་ཧོ་ཧོ་་་་་
སྤང་དང་མེ་ཏོག
ང་ཚོ་བོད་ལ་ཡོད།
གངས་དང་གངས་ཆུ།
ང་ཚོ་བོད་ལ་ཡོད།
མི་དང་བྱམས་བརྩེ་ཡོད།
ལས་དང་སྨོན་ལམ་ཡོད།
གཞས་དང་སྨོན་ཚིག་ཡོད།
ང་ཚོ་བོད་ལ་ཡོད།
ཀློག་གྲངས་མང་ཤོས།
༄༅།།བོད་ལྗོངས་སློབ་ཆེནVSམཚོ་སྔོན་སློབ་ཆེན།
ཁ་བཏགས་དཀར་པོ།
རོང་ཆེན་གཅན་ཚ།
སེམས་ཀྱི་གཞས་ཆུང་།
ངའི་ལག་གི་ཁ་བཏགས་དཀར་བོ་འདི།
གཞས་ར་ཕྲ་མོ།<སྟོད་ཆ།>


川公网安备 51333802000003号