དེང་གཞས།ཕྱི་ལོག་པ །
གཞོན་པའི་སེམས།
གཞས་ཚིག །
གཞོན་པའི་སེམས།
ཚིག གངས་དཔལ།
དབྱངས། བསམ་འགྲུབ་ཚེ་རིང།
ལེན་མཁན། ཀུན་དགའ།
ལོ་གཞོན་དུས་ཚང་མར་རང་སྣང་ཆེ།།
སྤྲིན་དཀར་པོ་གོས་སུ་གོན་ན་འདོད།།
དགུང་ཉི་ཟླར་གླུ་རེ་བླངས་ན་སྙམ།།
འབྲུག་ཕོ་ཆུང་ཐུགས་ལ་འཇོག་ན་བསམ།།
ལས་ཅི་བྱས་འགྲིག་མིན་མི་ཤེས་མོད།།
འགྲིག་མེད་ས་ཡོད་ན་དགོངས་དག་ཞུ།།
ལོ་གཞོན་དུས་ཚང་མར་རང་སྣང་ཆེ།།
དགུང་ཨ་སྔོན་མགོ་སྦྲ་ཡིན་ན་འདོད།།
རི་མཐོན་པོ་དཔུང་རོགས་ཡིན་ན་སྙམ།།
ཆུ་རྨ་ཆུ་ཧུབ་ཀྱིས་འཐུང་ན་བསམ།།
ལས་ཅི་བྱས་འགྲིག་མིན་མི་ཤེས་མོད།།
འགྲིག་མེད་ས་ཡོད་ན་དགོངས་དག་ཞུ།
ལོ་གཞོན་ཆུང་སྣང་བ་སྐྱི་བསེར་རླུང་།།
རླུང་བསེར་བུ་བློ་མེད་འཇོག་མེད་རེད།།
རླུང་གང་ལ་གཡུགས་ཡོད་ཆ་མེད་རེད།།
ཆ་ཡོད་མེད་ཚིག་ལ་དགོངས་དག་ཞུ།།
སེམས་གངས་དཀར་ངོས་ཀྱི་རྡུལ་དག་ཤོག།
ཐུགས་མཐའ་ཡས་ནམ་མཁའི་གཡའ་དག་ཤོག།
སེམས་གངས་དཀར་ངོས་ཀྱི་རྡུལ་དག་ཤོག།
ཐུགས་མཐའ་ཡས་ནམ་མཁའི་གཡའ་དག་ཤོག།
ཐུགས་མཐའ་ཡས་ནམ་མཁའི་གཡའ་དག་ཤོག།
ཀློག་གྲངས་མང་ཤོས།
༄༅།།བོད་ལྗོངས་སློབ་ཆེནVSམཚོ་སྔོན་སློབ་ཆེན།
ཁ་བཏགས་དཀར་པོ།
གཞས་ར་ཕྲ་མོ།<སྟོད་ཆ།>
རོང་ཆེན་གཅན་ཚ།
སེམས་ཀྱི་གཞས་ཆུང་།
ངའི་ལག་གི་ཁ་བཏགས་དཀར་བོ་འདི།


川公网安备 51333802000003号