སྙན་རྩོམ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

སྙན་རྩོམ།ཕྱི་ལོག་པ །

    • དབྱངས་ཅན་མ།    

      དད་གསུམ་རྦ་རླབས་འཕྱུར་བའི་མཚོ་ངོགས་ན། །
      རྗེས་ཆགས་ཟུར་མིག་གཡོ་བའི་ངང་མོ་དཀར། །
      དབྱངས་ཅན་རིག་བྱེད་དབང་མོའི་ཞབས་སེན་ཕྲེང་། །
      ཡིད་གདན་པད་མའི་དཀྱིལ་དུ་འཁོད་ཅིག་ཀྱེ། །

      ཆུ་སྟོད་ཟླ་ཚེས་ཞལ་དཀར་འཛུམ་པའི་ལྟོངས། །
      སྤྱན་རས་ཐོ་རེངས་སྐར་མའི་གཟི་བྱིན་གྱིས། །
      ཆག

        སྤེལ་དུས། : 2024-01-07
    • དབྱངས་ཅན་མ།

      ཐང་ཆེན་མུ་མཐའ་བྲལ་བའི་ལྷ་ལམ་དབྱིངས། །བཅུ་དྲུག་སྒེག་པའི་ཕུལ་བྱུང་ཚངས་སྲས་མའི། །སྣ་ཚོགས་ཉམས་ཀྱི་ལྟད་མོ་རྣམ་མང་གིས། །ཆགས་ལྡན་ཕྲ་ཆུང་སེམས་པ་ཡང་ཡང་བརྐུས། །

        སྤེལ་དུས། : 2024-01-06
    • ཚངས་མགུར་ཕྱོགས་བསྡུས་ཡིད་ཀྱི་དགའ་སྟོན།

      ༡ ཤར་ཕྱོགས་རི་བོའི་རྩེ་ནས། ། དཀར་གསལ་ཟླ་བ་ཤར་བྱུང༌། །མ་སྐྱེས་ཨ་མའི་ཞལ་རས། །ཡིད་ལ་འཁོར་འཁོར་བྱས་བྱུང༌། །
      ༢ ན་ནིང་བཏབ་པའི་ལྗང་གཞོན། ། ད་ལོ་སོག་མའི་ཕོན་ལྕོག ། ཕོ་གཞོན་རྒས་པའི་ལུས་པོ། ། ལྷོ་གཞུ་ལས་ཀྱང་གྱོང་བ། །

        སྤེལ་དུས། : 2023-10-24
    • བརྩེ་འདང་གི་སྙིགས་མ།/གཉིད་དང་འདྲེས་པ། སྙན་ངག་ཚན་པ་གཉིས །

      བརྩེ་འདང་གི་སྙིགས་མ།
      ZMལབ་པ།
      འབུམ་ལྷ་སྲས། གསེར་རྟ།

      ལས་ཀྱི་རླུང་ཆེན་ནམ་དང་གང་ལ་ལྡང་། །
      དེ་ཡིས་བདག་གི་ཚེ་སྲོག་ཇི་ལྟར་འབྲི། །
      སྐྱོ་སྡུག་འབུམ་དང་ཁྲི་ཡི་བསྡུས་གཟུགས་ལས། །
      མི་བཟོད་ཚེར་མའི་བཙོན་ཁང་གཅིག་རེ་ཙམ། །
      གཅིག་པུར་གནས་འདིར་འོང་ལ་སྐྱོ་ད

        སྤེལ་དུས། : 2023-08-24
    • ངག་དབང་དབྱངས་ཅན་མ་ལ་བསྟོད་པ།

      རྒྱལ་ཀུན་ལོང་སྤྱོད་འཁོར་ལོའི་རྒྱུ་འཕྲུལ་ཀུན་རྫོབ་སྣ་ཚོགས་སྣང་བའི་མ།།
      མཛེས་པའི་གཟུགས་ཀྱི་ཆ་ཙམ་ལའང་དཔེ་མཚོན་མེ་ཏོག་སྟོང་གི་གཞི།།
      རྒྱུད་སྟོང་དཀྲོལ་བའི་སྒྱུ་མའི་སོར་མོ་ཤེལ་གྱི་ལྕུག་ཕྲན་རེ་རེ་ནས།།
      ངག་གི་དངོས་གྲུབ་གང་འདོད་སྦྱིན་མཁས་མཚོ་བྱུང་ལྷ་མོ་

        སྤེལ་དུས། : 2023-08-18
    • གུས་འདུད་ཞུས་པའི་ལེའུ།

      རྟེན་འབྱུང་སྤྲོས་མེད་ཡན་ལག་ཉེར་སིམ་སྟེ། །
      ཤེས་རབ་བླང་དོར་དགེ་འབྲས་ལེགས་གནས་པའི། །
      ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་སྲིད་ཞིའི་མིག །
      མཚུངས་མེད་དྲིན་ཅན་བླ་མར་གུས་འདུད་ཞུ། །

      དོན་དམ་ཡིད་བཞིན་འཁོར་ལོ་བཞད་པའི་རྩེར། །
      མཁྱེན་རྩེའི་གཟི་དཔལ་མངོན་པའི་རང་མདངས་ཅན

        སྤེལ་དུས། : 2023-05-07
    • གངས་རིའི་དྲང་སྲོང་དྲན་པ།

      མཐའ་བྲལ་ཆུ་གཏེར་ཀུན་གསལ་ལྷ་ལམ་ན།།
      སྤྲིན་གྱི་མེ་ཏོག་གསར་བའི་མགོ་ལྕོག་ལྡེམ།།
      དེ་སྟེང་རིག་བྱེད་འབུམ་གྱི་ཡོངས་གཏམས་པའི།།
      ངག་དབང་དབྱངས་ཅན་ལྷ་མོ་ངོ་མཚར་མ།།

      ཡིད་འོང་བྲག་སྐྱིབ་གུ་ཡངས་ཉམས་དགའ་བར།།
      ཡིད་འཇོག་སྣང་བའི་གང་ཤར་གཟུགས་བརྙན་ལ།།
      ཡིད་ལུས་མག་མོག་ས

        སྤེལ་དུས། : 2023-04-15
    • སྤུན་ཟླ།

      དགའ་སྐྱོ་སེམས་ཀྱི་མྱངས་ཚོར་བཞད་ཀྱིན། །
      འཇིག་རྟེན་ས་ཆེན་འུར་གྱིས་སྐྱོད་བཞིན། །
      གྲོགས་དང་ན་ཟླའི་སེམས་ཀྱི་པང་ན། །
      ཚེ་ཡི་འདུ་བྱེད་མ་ཆོད་རང་ཆོད། །

      ང་དང་བདག་གི་བྲན་གཡོག་ཆུང་ཆུང་། །
      རྟ་རྒོད་སེམས་པ་རི་ལ་ཤོར་ནས། །
      སྲིད་གསུམ་སྤང་གི་མེ་ཏོག་འཐུ་སྟེ། །
      མི་ཚེའ

        སྤེལ་དུས། : 2023-03-29
    • སེམས་ཚོར་སྒྱུ་མའི་བྲོ་གར།  

      རིག་རྩལ་ཚངས་དབྱངས་གློག་གི་རོལ་རྩེད་དུ། །
      སྙན་འཇེབས་རྒྱུད་མངས་དཀྲོལ་བའི་མཚོ་བྱུང་མས། །
      ཡིད་ཀྱི་དགའ་སྟོན་མཆོད་པའི་ཇ་ཆང་ལ། །
      བཅུད་ལྡན་དྲོ་མྱངས་ངལ་བ་བདག་གིས་བྱས། །

      ཡུལ་ལུང་ཕ་རོལ་བརྒལ་བའི་རི་གྲོང་དུ། །
      སེམས་འགྱུ་རླུང་གིས་གཡོ་བའི་མི་ཚོགས་དབུས། །

        སྤེལ་དུས། : 2023-03-29
    • ཤར་རྒྱ་རོང་།

      ཆུ་བོ་གཙང་ཆབ་གྱ་མ་གྱུ།།
      ཉ་མ་དེ་དག་དབེན་ན་བདེ།།
      ཤར་ཕྱོགས་རྒྱལ་མོ་ཚ་རོང་ན།།
      ན་ཆུང་མཛེས་མ་སྤྲིན་བཞིན་བརྡོལ།།
      ངག་རིག་འཕྲེད་གླིང་མི་ཁོམ་པ།།
      ཆོས་འབྱོར་བཀའ་ལ་ཚུར་རེ་གསོན།།
      གནམ་སྔོན་མཁའ་ཡི་ཕོ་བྲང་ལ།།
      རྒྱལ་རོང་ཀ་བ་འདྲ་ལེ་མེད།།
      ཡངས་ཤིང་རྒྱ་ཆེའི་ས་གཞི་ལ།།

        སྤེལ་དུས། : 2023-03-29
    • ཞེ་ལ་འཚུབ་པའི་སྙིང་གི་ནོར་བུ།

      ཁ་བ་ཉིན་མཚན་མེད་པར་འབབ་ཉིན་ཞིག་ལ། །
      ཁོ་བོ་ལྷང་འཇག་མ་གནས་སེམས་པ་འདི་ཉིད། །
      འགུལ་གྱིན་འགུལ་གྱིན་སྙིང་གི་མཚོ་མོར་དེ་རུ། །
      གསང་བའི་ལྷ་མོ་ཁྱོད་ཉིད་འཁྱུག་འཚམ་མེད་ཐལ། །

      སྒྱུ་མའི་གྲོང་གི་བརྡ་འཕྲིན་དུས་རབ་ཁྲོད་ནས། །
      སྙིང་གཏམ་ཚིག་རིག་གི་རི་མོ་ཟད་མཐའ་མེད་

        སྤེལ་དུས། : 2023-03-23
    • གཤེན་རབ་དགྱེས་པའི་མཆོད་སྤྲིན།

      འདི་ནས་སྟོང་ལོ་ལྔ་བརྒྱའི་ཡར་སྔོན་དུ། །
      མུན་ནག་སྟུགས་པོ་འཁྲིགས་པའི་འཇིག་རྟེན་འདིར། །
      འགྲོ་བའི་སེམས་ཀྱི་མཚོ་མོའི་དཀྱིལ་འཁོར་ན། །
      གསེར་གྱི་མདངས་ལྡན་སྟོན་པ་ཡང་གཅིག་དྲན། །

        སྤེལ་དུས། : 2023-03-23
    • ཉི་མ་ལྷ་ས།(ཞར་བཀོད་གཅིག)

      ཉི་མ་ལྷ་ས
      ང གནས་མཇལ་བ་བཞིན
      ཁྱོད་ཀྱི་དྲུང་ན་བསླེབས
      དེ་ལྟ་ནའང རྣམ་ཀུན་ངའི་རྣང་ཞིང་ན་འཕྱོ་བའི
      གཙང་དག་པའི་ཆུ་བོ་དེ
      ཁྱེད་ཀྱི་མཁུར་མགོ་ནས་ལྷུང་བའི་སྐྱིད་ཆུ་དེ་ཡིན་མི་འདུག

      ཉི་མ་ལྷ་ས
      ང གནས་མཇལ་བ་བཞིན
      ཁྱེད་ཀྱི་པང་དུ་འབྱོར
      དེ་ལྟ་ནའང དད་པའི་ཐག་གུ་དང་སྦྲེལ་

        སྤེལ་དུས། : 2023-02-21
    •  རི་བོའི་ཕ་རོལ་དུ།

      དགུན་ཟླ་འབོད་ཀྱིན།
      ཁྲུང་ཁྲུང་ཁྱུ་གཅིག་གི་གཤོག་པའི་སྣེ་རུ།
      ང་ཡིས་ཁྱོད་ལ་འཕྲིན་ཡིག་དུ་མ་བསྐུར་ཡོད།
      སྙིང་ཉེ་བའི་ཚིག་འབྲུ་འདི་དག་རང་ཁྱིམ་གྱི་སྐར་ཁུང་ཡིན།

      མཚོ་འགྲམ་དུ།
      ས་སྲོད་ཀྱི་ལྭ་བ་གོན་པའི་ཡུ་མོ་གཅིག
      སོས་དལ་ངང་ཉི་ནུབ་ཀྱི་འཇིག་རྟེན་དུ་རྒ་འགྲོ་འད

        སྤེལ་དུས། : 2022-11-24
    • ཟླ་བརྒྱད་པ།

      ཆར་བའི་མཆུ་སྒྲོས་ཀྱིས་དམར་སྡང་བྱས་སོང་།།
      ལྗོན་པའི་ལོ་མ་ལ་གསེར་མདོག་དོད་སོང་།།
      ལམ་གྱི་སྣེ་མོ་ཡི་སྨུག་སྤྲིན་གྱ་གྱུ།།
      ཡུ་མོ་ཁེར་འགྲོ་ཁྱོད་འཁོར་སའི་གནས་ཡིན།།

      ཚུར་ལ་ཡོང་བ་དེ་ཕར་ལ་བུད་འགྲོ།།
      ལམ་གྱི་འགྲུལ་བ་ལ་དངོས་འཛིན་མི་འདུག།
      ལས་ཀྱི་ཟུང་ཁྲག་ལ་མེ་ཏ

        སྤེལ་དུས། : 2022-11-23

ཀློག་གྲངས་མང་ཤོས།

ནང་དོན་གསར་ཤོས།